- lci ba rma sru
- ID:
- T229669
- ལྕི་བ་རྨ་སྲུ (Tibetan, Tibetan script, Original)
- > lci ba rma sru (Tibetan, Latin script, Transliteration-THL Extended Wylie Transliteration)
- > chiwa ma su (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དགུན་དུས་ཨ་སྒང་འཁེངས་པ་རྣམས་ཕྱོགས་གཅིག་ཏུ་བརྩིགས་པ་དེ་དཔྱིད་དུས་སྐམ་པོར་ཆགས་པ་དང་། ཕྱི་རིམ་ནག་པོ་དང་། ནང་ངོས་ན་མདོག་ཁམ་དམར་ཅན་ཞིབ་ཏུ་འཐག་ན་འཇམ་ཞིབ་ཅན་ཡོང་བ་དེ་འབྲོག་པའི་མེ་བཏང་བའི་རྒྱུ་ཡིན། གནའ་དུས་འབྲོག་པའི་ཡུལ་དུ་ལྕི་བ་རྨ་སྲུ་ཞིབ་མོར་འཐག་པའི་ཕྱེ་མ་དེ་བྱིས་པའི་གཅིག་གདན་བྱེད་ཀྱི་ཡོད་པ་རེད། དེའང་ལྕི་བ་རྨ་སུའི་ཕྱེ་མ་དེ་ཕྱིང་པའི་ཁུག་མར་བླུག་ཅིང་དེའི་ནང་བྱིས་པ་དམར་འབྱར་བཅུག་ནས་བསྙལ་སྲོལ་ཡོད།
- language:
- Tibetan