- 'khor 'das kyi 'byung ldog phrugs gnyis/
- ID:
- T22971
- འཁོར་འདས་ཀྱི་འབྱུང་ལྡོག་ཕྲུགས་གཉིས (Tibetan, Tibetan script, Original)
- > 'khor 'das kyi 'byung ldog phrugs gnyis/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > khondé kyinjung doktruknyi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Rangjung Yeshe Dictionary
Def. Jamgön Kongtrül: ཀུན་ནས་ཉོན་མོངས་པའི་དབང་གིས་འཁོར་བར་འཇུག་ཚུལ་གྱི་ལུགས་དང་མཐུན་པ་ནི་རིམ་པ་ཇི་ལྟ་བ་སྟེ། མདོ་ལས། མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། ཞེས་པ་ནས། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུགས་པ་རྣམས་འབྱུང་སྟེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་འདི་འབྱུང་བར་འགྱུར་རོ། ། ཞེས་གསུངས་པ་ལྟ་བུ་དང། ལུགས་ལྡོག་ནི་རིམ་པ་ལྡོག་པ་སྟེ། རྒ་ཤི་ལ་སོགས་པ་སྐྱེ་བ་ལས་འབྱུང། སྐྱེ་བ་སྲིད་པ་ལས། སྲིད་པ་ལེན་པ་ལས་འབྱུང་ཞེས་པ་ནས། འདུ་བྱེད་མ་རིག་པ་ལས་འབྱུང་ཞེས་པའི་བར་ཡིན་ཞིང། དེ་དག་ཀྱང་རིམ་པའི་སྒོ་ནས་ཆ་གཉིས་སུ་ཕྱེ་བ་མ་གཏོགས་དོན་ནི་འཁོར་བའི་རྒྱུ་འབྲས་ལ་ཡིད་ཆེས་བསྐྱེད་པར་མཚུངས་པ་ཉིད་དོ། ། གཉིས་པ་ནི། རྣམ་པར་བྱང་བའི་དབང་གིས་མྱ་ངན་ལས་འདས་པར་འཇུག་ཚུལ་གྱིས་ལུགས་དང་མཐུན་པ་ནི། ཡས་རིམ་གྱིས་མ་རིག་པ་འགག་ན་འདུ་བྱེད་འགག་འདུ་བྱེད་འགག་ན་རྣམ་པར་ཤེས་པ་འགག་ཅེས་པ་ནས། སྐྱེ་བ་འགག་ན་རྒ་ཤི་ལ་སོགས་པ་འགག་ཅེས་པ་དང། ལུགས་ལྡོག་ནི་སྐྱེ་བ་འགག་ན་རྒ་ཤི་འགག་སྲིད་པ་འགག་ན་སྐྱེ་བ་འགག་ཅེས་པ་ནས། མ་རིག་པ་འགག་ན་འདུ་བྱེད་འགག་ཅེས་པའི་བར་ཏེ་རིམ་པ་ཙམ་མ་གཏོགས་དོན་ནི་མྱ་ངན་ལས་འདས་པ་འཐོབ་ཚུལ་དུ་གཅིག་པ་ཉིད་དོ། ། དེས་ནི་རྩ་བ་མ་རིག་པ་འགག་ན་སྡུག་བསྔལ་མཐའ་དག་ལས་གྲོལ་བར་འགྱུར་བས་དེ་སྤང་བའི་ཆེད་དུ་ཡང་དག་པའི་ཡེ་ཤེས་སྐྱེད་པར་བྱེད་པ་
- language:
- English