Skip to main content Skip to search
cha bsgrigs pa
ID:
T229720
  • ཆ་བསྒྲིགས་པ (Tibetan, Tibetan script, Original)
    • > cha bsgrigs pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > cha drikpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

གཡས་གཡོན་དོ་མཉམ་ཡང་ཟེར། དེ་ནི་སྒྱུ་རྩལ་ཐོག་གི་ཐབས་རྩལ་གྱི་རིགས་ཤིག་ཡིན། སྤྱིར་བཏང་བྱས་ན་དཀྱིལ་དབུས་སུ་འདྲོང་ཐིག་ཅིག་བྲིས་ནས། དེའི་གཡས་གཡོན་ངོས་གཉིས་ཀྱི་རི་མོའི་དབྱིབས་གཟུགས་སམ་དངོས་པོའི་དབྱིབས་གཟུགས་ཀྱི་ཆེ་ཆུང་དང་། གྲལ་རེ་རེ་བཞིན་ཆ་བསྒྲིགས་ནས་འཇོག་པར་ཟེར། ཨར་སྐྲུན་སྒྱུ་རྩལ་གྱི་ཐད་ལ་མཚོན་ན། ཕོ་བྲང་དང་། དགོན་པ། ཚོགས་ཁང་སོགས་ཀྱི་ཕྱིའི་དབྱིབས་དང་། ནང་གི་རྒྱན་སྤྲོས་བཅས་ཚང་མར་ཆ་བསྒྲིགས་བྱེད་པར་དང་དོད་བྱེད་ཀྱི་ཡོད། དེ་བཞིན་འབུར་བརྐོས་དང་། བཟོ་རྩལ། རྒྱན་རིས་བཅས་ལའང་རྒྱུན་དུ་ཆ་བསྒྲིགས་བེད་སྤྱོད་བྱེད་ཀྱི་ཡོད། རྒྱུན་གཏན་གྱི་འཚོ་བའི་ནང་མཐོང་བའི་མིའི་ལུས་ཕུང་དང་། འཁོར་ལོའི་རིགས། སྲོག་ཆགས་སོགས་ཕྱི་དབྱིབས་ནི་ཆ་བསྒྲིགས་ཡིན། དེ་མིན་འཁོར་རྒྱུགས་ཀྱི་ཆ་བསྒྲིགས་ཞེས་པ་ནི་རྒྱུན་དུ་ཨར་སྐྲུན་དང་བཟོ་དབྱིབས་བསྐྲུན་པའི་སྒྱུ་རྩལ་ཐོག་ལ་སྤྱོད་ཀྱི་ཡོད།

language:
Tibetan