- 'khor 'das dbyer med/
- ID:
- T22980
- འཁོར་འདས་དབྱེར་མེད (Tibetan, Tibetan script, Original)
- > 'khor 'das dbyer med/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > khondé yermé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Rangjung Yeshe Dictionary
the indivisibility of samsara and nirvana. The main view in the Sakya School
- language:
- English
2. Ives Waldo Dictionary
-
inseparable samsara and nirvana [equality/ equanimity in dharmata, main view of Sakya school]
- language:
- English
-
inseparable samsara and nirvana
- language:
- English
3. bod rgya tshig mdzod chen mo
[315] འཁོར་བ་དང་མྱང་འདས་གཉིས་ཆོས་ཉིད་བདེན་པར་མེད་པའི་ངང་དུ་དབྱེར་མེད་པའམ་མཉམ་ཉིད་དུ་འཛིན་པ། ...
- language:
- English
4. dung dkar bod rig pa'i tshig mdzod chen mo
གསང་སྔགས་སྔ་འགྱུར་རྫོགས་ཆེན་གྱི་སེམས་ངོ་སྤྲོད་ཚུལ་ལས་གསུངས་པའི་ཐ་སྙད་ཅིག་ཡིན་ཏེ་དེའི་གསུང་ཚུལ་ལྟར་ན། སེམས་ཀྱི་རྣམ་པ་སྣང་བའི་ཆ་དེ་འཁོར་བ་དང༌། སེམས་ཀྱི་ངོ་བོ་སྟོང་པའི་ཆ་དེ་མྱང་འདས་ཡིན་ཅིང༌། འཁོར་བ་དང་མྱང་འདས་གཉིས་སེམས་ཀྱི་ངོ་བོ་སྟོང་པའི་ངང་དེ་ལས་ལོགས་སུ་དབྱེ་རྒྱུ་མེད་པའི་དོན་ཡིན་པར་གསུངས་འདུག་པས་བཀའ་བརྒྱུད་ཆོས་ལུགས་ཀྱི་འཁོར་འདས་དབྱེར་མེད་ཅེས་པའི་གོ་དོན་དང༌། ས་སྐྱའི་ཆོས་ལུགས་འ། ཛིན་པ་རྣམས་ཀྱིས་བཞེད་པའི་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་ཞེས་པའི་གོ་དོན་རྣམས་མི་འདྲ་བ་ཡིན། བཀའ་བརྒྱུད་པའི་བཞེད་པ་ལྟར་གྱི་འཁོར་འདས་དབྱེར་མེད་ཀྱི་གོ་དོན་ནི་གོང་དུ་འཁོར་འདས་གཉིས་མེད་ཅེས་པའི་སྐབས་སུ་བཤད་པ་ལྟར་ཡིན་ཅིང༌། དཔལ་ལྡན་ས་སྐྱ་བའི་བཞེད་པ་ལྟར་གྱི་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་དེ་ལ་མདོ་སྔགས་གཉིས་ཡོད་ཅིང༌། མདོའི་དབང་དུ་བྱས་པ་ལ་ཡང་མགོན་པོ་ཀླུ་སྒྲུབ་རྗེས་འབྲང་གི་མན་ངག་དང་རྗེ་བཙུན་བྱམས་པའི་རྗེས་འབྲང་གི་མན་ངག་གཉིས་ཡོད་པ་དང༌། སྔགས་ཀྱི་དབང་དུ་བྱས་པ་ལ་ཡང་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་སོགས་ཀྱི་བཤད་པ་ཞིབ་ཕྲ་ཡོད་པ་རྣམས་ཀྱི་གོ་དོན་མདོར་བསྡུས་ཤིག<<ཐུའུ་བཀྭན་གྲུབ་མཐའ>>ལྕགས་དཔར་མའི་ཤོག་གྲངས༡༩༩ནས༢༡༡བར་གསལ་བས་དེར་གཟིགས།
- language:
- Tibetan
5. Thupten Phuntsok Dictionary
འཁོར་བ་དང་མྱང་འདས་གཉིས་ཆོས་ཉིད་བདེན་པར་མེད་པའི་ངང་དུ་དབྱེར་མེད་པའམ་མཉམ་ཉིད་དུ་འཛིན་པ།
- language:
- Tibetan
6. smon lam tshig mdzod chen mo
འཁོར་བ་དང་མྱང་འདས་གཉིས་ཆོས་ཉིད་བདེན་པར་མེད་པའི་ངང་དུ་དབྱེར་མེད་པའམ་མཉམ་ཉིད་དུ་འཛིན་པ།
- language:
- Tibetan