Skip to main content Skip to search
chang bzung steng gi sha rgod
ID:
T229826
  • ཆང་བཟུང་སྟེང་གི་ཤ་རྒོད (Tibetan, Tibetan script, Original)
    • > chang bzung steng gi sha rgod (Tibetan, Latin script, Transliteration-THL Extended Wylie Transliteration)
    • > chang zung teng gi sha gö (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

དཔྱི་ཡི་ཤ་རྒོད་ཀྱི་དབྱིབས་རྒྱ་གྲམ་ལྟར་གནས་པས། སྟ་ཟུར་གྱི་སྟེང་དུ་ལག་པ་གཡས་གཡོན་གྱི་ཆང་པས་བཟུང་དུས་སྲ་ཞིང་འདྲིལ་བའི་ཤ་གནད་ཀྱི་མིང་སྟེ། སྨན་དཔྱད་ཟླ་བའི་རྒྱལ་པོ་ལས། དཔྱི་ཡི་ཆང་བཟུང་ཤ་དག་ནི། རྒྱ་གྲམ་ལྟར་དུ་གནས་པ་ཡིན། ཞེས་དང་། དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱིས་མཛད་པའི་མན་ངག་རྒྱུད་ཀྱི་དཀའ་འགྲེལ་ལེགས་བཤད་གསེར་རྒྱན་ལས། སྨད་དུ་དཔྱིའི་ཤ་ནི། རྒྱ་གྲམ་དག་ཏུ་གནས་པ་ལས་ཕྲ་ཞིང་ལ་བ་ཆང་བཟུང་ཞེས་པ་རྐེད་པའི་མིང་ཡིན་ལ་དེའི་སྟེང་གི་ཤ་རྒོད་དེ་སྟ་ཤ་ཟེར་བ་དེ་གཉིས་གཉན་པའི་གནད་ཡིན་ནོ། །

language:
Tibetan