Skip to main content Skip to search
cham pa'i rgyu
ID:
T229865
  • ཆམ་པའི་རྒྱུ (Tibetan, Tibetan script, Original)
    • > cham pa'i rgyu (Tibetan, Latin script, Transliteration-THL Extended Wylie Transliteration)
    • > champé gyu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རིམས་ནད་སྤྱིའི་རྒྱུ་དང་གཅིག་ཡིན། རྐྱེན་ནི་མི་གཙང་བའི་ཟས་སྐོམ་དང་། སྤྱོད་ལམ་རྣམས་ཀྱིས་ཁ་ཟས་ལ་འབག་བཙོག་གིས་གོས་པ་དེ་དག་བཟའ་བཏུང་བྱས་པ་དང་། མི་གཙང་བའི་རྡུལ་ཚུབ་སྣ་བུག་བརྒྱུད་ནས་ཞུགས་པ་དང་། དེ་དག་གི་རླངས་པ་དང་དྲི་མའི་གྲིབ་ཕོག་པ་དང་བཅས་ཀྱིས་ཆམ་པ་ཕོག་ཅིང་ཡོད་པ་རེད། བཻ་སྔོན་ལས། སྣ་བུག་གཡས་གཡོན་གཉིས་ནས་མར་རྩ་རོ་རྐྱང་གི་སྣ་ཟངས་དུང་ཁ་གདངས་པ་ལྟ་བུ་ཡོད་པ་ལས་དེ་ལ་རྡུལ་འཚུབ་དང་གྲིབ་ཕོག་པ་དང་། གདོན་སོགས་ཀྱི་རྐྱེན་ལས་འབྱུང་བ་ཡིན་ཅིང་རྩ་དེ་ཆམ་ལ་ཕབ་པས་ཆམ་ཞེས་ཀྱང་གྲགས་པ་ཡིན།

language:
Tibetan