- chu bskol tshad ldan
- ID:
- T229905
- ཆུ་བསྐོལ་ཚད་ལྡན (Tibetan, Tibetan script, Original)
- > chu bskol tshad ldan (Tibetan, Latin script, Transliteration-THL Extended Wylie Transliteration)
- > chu kol tseden (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ནམ་ཟླ་ཡུལ་དུས་སོགས་དང་བསྟུན་ནས་ཚད་དང་ལྡན་པ་བསྐོལ་བའི་ཆུ་ཁོལ་གྱི་མིང་སྟེ། ཁ་ཆེ་པཎ་ཆེན་ཟླ་བ་མངོན་པ་དགའ་བས་མཛད་པའི་ཟླ་ཟེར་ལས། ཡུལ་དུས་ལྕི་དང་ཡང་བ་དང་། བཞི་ཆ་སུམ་ཆ་ཕྱེད་གདུ་བར། ལྦུ་བ་མེད་པར་བསྐོལ་བ་ནི། ཤུགས་མེད་དྲི་མ་མེད་ཅིང་ཕན། ཞེས་དང་། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་དྲི་མེད་ཤེལ་ཕྲེང་ལས། ཡུལ་རླན་ཆེ་བ་དང་དུས་དཔྱིད་ཀྱི་ཆུ་ནི་རང་བཞིན་གྱིས་ལྕི་བ་ཡིན་པས། ཆུ་ཇི་ཙམ་ཡོད་པ་དེའི་བཞི་ཆའི་སུམ་ཆ་གདུས་ནས་གཅིག་ལུས་པར་བྱའོ།། ཡུལ་སྐམ་གཤེར་སྙོམས་པ་དང་དུས་དབྱར་དགུན་གྱི་ཆུ་ནི་ལྕི་ཡང་བར་མ་གནས་པས། ཆུའི་ཆ་གསུམ་གྱི་གཉིས་གདུས་ནས་གཅིག་ལུས་པར་བྱའོ། །ཡུལ་སྐམ་ཤས་ཆེ་བ་དང་། དུས་སྟོན་གྱི་ཆུ་ནི་རང་བཞིན་གྱིས་ཡང་བ་ཡིན་པའི་ཆུའི་ཕྱེད་གདུ་བ་བྱའོ། །ཞེས་དང་། རྫོང་འཕྲང་འཕྲུལ་གྱི་ལྡེ་མིག་ལས། ཆུ་བསྐོལ་ཚད་ལྡན་ནི་ལུགས་བཞིན་བསྐོལ་བའི་ཆུ་ཁོལ་ལ་ཟེར་ཞིང་། དེ་གྲང་མོར་གྱུར་པ་ལ་ནི་བསྐོལ་གྲང་ངོ་། ། ཞེས་གསུངས།
- language:
- Tibetan