- chu dang gangs kyi rus pa
- ID:
- T229938
- ཆུ་དང་གངས་ཀྱི་རུས་པ (Tibetan, Tibetan script, Original)
- > chu dang gangs kyi rus pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > chu dang gang kyi rüpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
མུ་ཏིག་དང་བསེ་རུ་གཉིས་ཀྱི་གབ་མིང་ཞིག་སྟེ། སྡེ་དགེ་དྲུང་འཚོ་བ་གུ་རུ་འཕེལ་གྱིས་མཛད་པའི་སྨན་གྱི་བརྡ་བསྡུས་དང་གབ་མིང་འགའ་ཞིག་བཀྲོལ་བ་བློ་གསལ་མགྲིན་པའི་རྒྱན་ལས། ཆུ་དང་གངས་ཀྱི་རུས་པ་ནི་རིམ་བཞིན་མུ་ཏིག་དང་བསེ་རུ་གཉིས་གྱི་གབ་མིང་སྟེ། ངེས་ཚིག་ནི་མུ་ཏིག་རྒྱ་མཚོའི་སྲོག་ཆགས་ལས་འབྱུང་བ་དང་། བསེ་རུ་གངས་རིའི་ཉེ་འདབས་ལ་ཤས་ཆེར་གནས་པས་དཔེ་མུ་ཏིག་དང་བསེ་རུ་གཉིས་ཆུ་དང་གངས་ཀྱི་རུས་པའི་གཟུགས་སུ་བཀོད་པའོ། །
- language:
- Tibetan