- chu bo yan lag brgyad ldan
- ID:
- T229958
- ཆུ་བོ་ཡན་ལག་བརྒྱད་ལྡན (Tibetan, Tibetan script, Original)
- > chu bo yan lag brgyad ldan (Tibetan, Latin script, Transliteration-THL Extended Wylie Transliteration)
- > chuwo yenlak gyeden (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གཙང་ཞིང་དྭངས་བ་སོགས་བཟང་པོའི་ཡན་ལག་བརྒྱད་དང་ལྡན་པའི་ཆུའི་མཆོག་གི་མིང་སྟེ། མདོ་ལས། བསིལ་༡དང་ཞིམ་༢དང་ཡང་༣དང་འཇམ༤། དྭངས་པ་༥དང་ནི་དྲི་མ་མེད༦། འཐུང་ན་ལྟོ་བར་མི་གནོད་༧ཅིང་། མགྲིན་པ་ལ་ཡང་མི་གནོད་༨པའོ། །ཞེས་དང་། ཆུ་ནི་ཆར་ཆུ་༡གངས་ཆུ་༢ཆུ་ཀླུང་ཆུ་༣། ཆུ་མིག་༤ཁྲོན་པ་༥བ་ཚ་༦ཤིང་གི་ཆུ༧། རིམ་པ་དང་པོ་མཆོག་ཡིན་ཕྱི་མ་དམན། ཞེས་པའི་ཆར་ཆུ་དང་པོ་ས་འོག་གཞིའི། ཆུ་ཡི་དཀྱིལ་འཁོར་སྤྲིན་ལས་ཆར་འབབ་ཆུ། གངྒཱ་ལ་སོགས་ས་སྟེང་འཕྱུར་བ་ནི། མཆོག་ཡིན་དེ་རིགས་ལུ་མ་དེར་ཆར་མཐུན། དེ་ཉིད་ཡན་ལག་བརྒྱད་དང་ལྡན་པ་སྟེ། ། ཞེས་སོ།
- language:
- Tibetan