Skip to main content Skip to search
chu rtsa sbu gu can
ID:
T229970
  • ཆུ་རྩ་སྦུ་གུ་ཅན (Tibetan, Tibetan script, Original)
    • > chu rtsa sbu gu can (Tibetan, Latin script, Transliteration-THL Extended Wylie Transliteration)
    • > chu tsa bugu chen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

བྱེད་ལས་ལ་བལྟོས་ནས་བཏགས་པའི་ལྟག་པའི་སྡུད་སྒོའི་ཐད་དུ་ཕྱིར་ཐོན་པའི་ཀླད་པ་ལས་གྱེས་པའི་དབང་རྩའི་མིང་སྟེ། དཔལ་སྤུངས་དབོན་སྤྲུལ་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། ཆུ་རྩ་སྦུ་གུ་ཅན་ནི། ལྟག་པའི་སྡུད་སྒོ་ནས་ཕྱིར་ཐོན་ཏེ་རྐང་པའི་མཐིལ་དུ་རྒྱུ་བར་བྱེད་པའི་རྩ་དཀར་གྱི་མིང་སྟེ། རྩ་འདིས་བྱེད་ལས་གཙོ་བོ་ནི་ཆུ་ཁམས་རྒྱུ་བའི་རྩ་སྦུ་གུ་ཅན་རྣམས་འཛིན་པར་བྱེད་པས་ན་སྦུ་གུ་ཅན་ཞེས་བཤད་པ་ལས་རྩ་འདིའི་ནང་སྟོང་པ་ཡིན་པའི་དོན་ནི་མ་ཡིན་ནོ། །ཞེས་གསུངས་པ་ལྟར་དང་། རྩ་དེ་ཉིད་ཀླད་པ་ནས་ལུས་ལ་གྱེས་ཚུལ་ནི། མན་ངག་ཡོན་ཏན་རྒྱུད་ལས། སྦུ་གུ་ཅན་དེ་ལྟག་པའི་སྡུད་སྒོར་འཐོན། ཨན་སྟོང་གཡས་གཡོན་ཚོན་རེ་ཐད་ཀར་འགྲིམས། ཚིགས་པ་ལྔ་ནས་གཞུང་པའི་རྩ་དང་འབྲེལ། བཅུ་བཞི་པ་ནས་བསམ་སེ་མཁལ་མར་འབྲེལ། གཞུག་ཆུང་དཔྱི་ལེབ་མཚམས་བརྒྱུད་དཔྱི་མིག་དོན། བྱིན་བརླའི་ཕྱི་སུལ་ཕྱི་ལོང་གུང་མཐེབ་བརྒྱུད། གཉིས་ནི་བཅུ་བཞི་ནས་གྱེས་དཔྱི་སྟེང་དོན། བརླ་སྒང་པུས་ཚིགས་ངར་གདོང་ཐུར་བར་འགྲིམས། པིར་མགོར་འབྲེལ་ནས་གོང་དང་རྐང་མཐིལ་འདུས། ཞེས་གསུངས།

language:
Tibetan