- chu gsang rnam gsum
- ID:
- T230013
- ཆུ་གསང་རྣམ་གསུམ (Tibetan, Tibetan script, Original)
- > chu gsang rnam gsum (Tibetan, Latin script, Transliteration-THL Extended Wylie Transliteration)
- > chu sang nam sum (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཚིགས་པ་དང་པོ་དང་། བཅུ་གསུམ་པ། བཅོ་བརྒྱད་པ་བཅས་གསུམ་གྱི་བསྡུས་མིང་སྟེ། འབྲུ་ཚེ་བྷྲུྃ་པའི་མན་ངག་དྲན་འཛིན་ལྕགས་ཀྱུ་ལས། ཆུ་གསང་རྣམ་གསུམ་ཞེས་པ་ནི། སྟེང་གི་ཆུ་གསང་ཚིགས་པ་དང་པོ་དང་། བར་གྱི་ཆུ་གསང་ཚིགས་པ་བཅུ་གསུམ་པ། འོག་གི་ཆུ་གསང་ཚིགས་པ་བཅོ་བརྒྱད་པ་བཅས་གསུམ་ལ་ཟེར་ཞིང་། འདིའི་སྐབས་ཀྱི་གསང་པ་ནི་དངོས་སུ་འབྲེལ་བའི་གསང་དང་། རྟེན་འབྲེལ་གྱི་དབང་གིས་འབྲེལ་བའི་གསང་དང་གཉིས་ཡོད་པ་ལས་འདིར་རྟེན་འབྲེལ་གྱི་དབང་གིས་འབྲེལ་བའི་གསང་ཡིན་པས་དེའི་རྒྱུ་མཚན་ཕྲ་མོའི་སྒོ་ནས་གཏན་ལ་འབེབས་ནུས་པ་ཤིན་ཏུ་དཔྱད་པ་དཀའ་བར་མཆིས་སོ། །
- language:
- Tibetan