Skip to main content Skip to search
che shes lha bzo blo bzang bshes gnyen
ID:
T230046
  • ཆེ་ཤེས་ལྷ་བཟོ་བློ་བཟང་བཤེས་གཉེན (Tibetan, Tibetan script, Original)
    • > che shes lha bzo blo bzang bshes gnyen (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ché shé lha zo lo zang shenyen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

དུས་རབས་བཅུ་དྲུག་པའི་དུས་མཇུག་ཙམ་ལ་མདོ་སྨད་ཕྱོགས་སུ་སྐུ་འཁྲུངས། ཁོང་ནི་བྲིས་འབུར་གཉིས་ལ་མངའ་བརྙེས་པའི་མཁས་དབང་ཞིག་ཡིན། ཁོང་གི་ཕྱག་བཟོའི་བརྩམ་བྱར་མཚོན་ན། སྐུ་འབུམ་བྱམས་པ་གླིང་གི་རྟེན་གཙོ་འཇམ་དབྱངས་ཀུན་གཟིགས་མ་དང་། དབུས་ཀྱི་གསེར་སྡོང་ཆེན་མོའི་སྒོ་ཁྱིམ་གྱི་ནང་དུ་རྗེ་ཙོང་ཁ་པའི་སྣང་བརྙན་སོགས་འབུར་སྐུ་མང་པོ་བཞེངས་གནང་མཛད་ཡོད། ད་དུང་མགོན་པོ་ཕྱག་དྲུག་པ་དང་། ཐུབ་པའི་དབང་པོ། ཇོ་བོ་རྗེ་། སློབ་དཔོན་པདྨ་འབྱུང་གནས། དམ་ཅན་ཆོས་རྒྱལ། སྨན་བླའི་ཞིང་བཀོད་སོགས་ཞལ་ཐང་ངོ་མཚར་ཅན་མང་པོ་བཞེངས་པའོ། །

language:
Tibetan