Skip to main content Skip to search
chos 'khor bar pa
ID:
T230121
  • ཆོས་འཁོར་བར་པ (Tibetan, Tibetan script, Original)
    • > chos 'khor bar pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > chökhor barpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཤེས་བྱ་ཀུན་ཁྱབ་ལས། འཁོར་ལོ་བར་པའི་མཚན་ཉིད་ནི། སྟོན་པས་གསུངས་པའི་དམ་ཆོས་གང་ཞིག ཐེག་པ་ཆེན་པོའི་ལམ་དངོས་ལ་དགོངས་ནས་གཙོ་བོར་ཐེག་ཆེན་པའི་རིགས་ཅན་རྣམས་ལ་བསྟན་པའོ། ། དེའི་མཚན་གཞི་ནི། ཡུམ་རྒྱས་འབྲིང་བསྡུས་སོགས་ཤེར་ཕྱིན་གྱི་མདོ་སྡེ་གཙོ་བོར་གྱུར་པ་རྣམས་སོ། ། དེ་དག་ལ་ཅིའི་ཕྱིར་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བྱ་ཞེ་ན། གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད་རང་རང་གི་མཚན་ཉིད་ཤིན་ཏུ་དབེན་པའི་སྨྲ་བསམ་བརྗོད་བྲལ་གྱི་དེ་ཁོ་ན་ཉིད་སྟོན་པར་སྣང་བའི་ཕྱིར་དེ་སྐད་ཅེས་བྱའོ། ཞེས་གསུངས་སོ། ། ཡུལ་གང་དང་དུས་གང་དུ་འཁོར་གང་ལ་མཚན་ཉིད་མེད་པའི་ཆོས་འཁོར་བསྐོར་ཞེ་ན། འདིའི་དུས་ནམ་ཡིན་བཀའ་བསྟན་གང་དུ་མ་གསལ། གནས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོ་རི་ལ། འཁོར་དགེ་སློང་དང་། དགེ་གློང་མ། དགེ་བསྙེན་དང་། དགེ་བསྙེན་མ་བཅས་འཁོར་རྣམ་པ་བཞི་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པ་རྣམས་ལ། ཆོས་དངོས་བསྟན་རྣམ་པར་ཐར་པའི་སྒོ་གསུམ་ལས་བརྩམས་ཏེ་ཟབ་མོ་སྟོང་པ་ཉིད་ཀྱི་ཚུལ་དུ་བསྟན་པ་དང་། སྦས་དོན་མངོན་རྟོགས་བརྒྱད་གདུལ་བྱའི་རྒྱུད་ལ་ཇི་ལྟར་སྐྱེ་པའི་རིམ་པ་ཡན་ལག་གི་དོན་བདུན་ཅུ་དང་བཅས་པ་ལེགས་པར་རྟོགས་པའི་ཐབས་སུ་སྒོ་གསུམ་རྣམ་གྲངས་བཅུ་གཅིག་གི་སྒོ་ནས་འཆད་པར་མཛད་དོ། །

language:
Tibetan