Skip to main content Skip to search
chos bcu sbyar
ID:
T230142
  • ཆོས་བཅུ་སྦྱར (Tibetan, Tibetan script, Original)
    • > chos bcu sbyar (Tibetan, Latin script, Transliteration-THL Extended Wylie Transliteration)
    • > chö chu jar (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

སྤྱིར་ཆོས་ཞེས་པ་ནི་འཛིན་ཞིང་འཚོ་བའི་དོན་ཏེ། སྐྱེམས་པ་ཚེ་དབང་གིས་མཛད་པའི་བཤད་རྒྱུད་ཀྱི་འགྲེལ་པ་ཚིག་དོན་ཉི་མ་ལས། སྤྱིར་ཆོས་ཞེས་པ་ནི་ལེགས་སྦྱར་གྱི་རྡརྨ་ཞེས་པའི་སྒྲ་ལས་དྲངས་པས་འཛིན་ཞིང་འཚོ་བའི་དོན་ནོ། །ཞེས་གསུངས་པ་ལྟར་སྐབས་འདིར་རླུང་མཁྲིས་བད་ཀན་རང་རང་གི་ཁམས་འཛིན་པའི་གནོད་བྱ་དང་། ཡུལ། དུས། རང་བཞིན། ན་ཚོད། ནད་ཁམས། གནས་ས། མེ་དྲོད། ཉམས་སོའམ་སྟོབས། གོམ་པ་བཅས་བཅུ་ལ་འཇུག་ཅིང་། དེ་དག་སྦྱར་ཚུལ་གྱི་རྣམ་བཞག་བྱང་པ་ལྷུན་སྡིངས་བདུད་རྩི་འགྱུར་མེད་ཀྱིས་མཛད་པའི་ལག་ལེན་དགོས་འདོད་ཀུན་འབྱུང་ལས། དཔེར་བརྗོད་རླུང་ནད་ལྟ་བུས་ཀུན་ཤེས་ཕྱིར། གནོད་བྱ་བཅུ་ཡི་ནང་ནས་རུས་པ་ལ། ཡུལ་ཡང་ངད་ཅན་གྲང་བ་རླུང་གི་ཡུལ། དུས་ནི་དབྱར་དུས་དགོང་དང་ཐོ་རེངས་ལྡང་། རང་བཞིན་བདུན་ལས་རླུང་གིས་བསྐྱེད་པའི་མི། ན་ཚོད་གསུམ་ལས་རྒས་པ་རླུང་མི་གསུངས། ནད་ཀྱི་ཁམས་ཀྱང་རླུང་ནད་ཤས་ཆེ་བ། གནས་ནི་དཔྱི་རྐེད་ལ་བརྟེན་སྨད་ན་གནས། མེ་དྲོད་རྣམ་པ་གསུམ་ལས་འཕེལ་འགྲིབ་ཆེ། ཉམས་སོའམ་ལུས་ཀྱི་སྟོབས་ཤེད་དམན་པའི་མི། རླུང་ནད་བསྐྱེད་པའི་ཟས་སྤྱོད་ལ་གོམས་པ། འདི་བཅུ་ཚང་ན་ཤིན་ཏུ་སྟོབས་ཆེའི་རླུང་། བཞི་དང་ལྔ་ཙམ་ལ་ནི་འབྲིང་པོ་སྟེ། གཅིག་གཉིས་ཙམ་ལ་རླུང་ནད་ཆུང་ངུར་བརྗོད། །ཅེས་གསུངས་པ་ལྟར་རོ། །

language:
Tibetan