Skip to main content Skip to search
chos 'chad pa'i skabs kyi nyes byas sde tshan nyer drug
ID:
T230149
  • ཆོས་འཆད་པའི་སྐབས་ཀྱི་ཉེས་བྱས་སྡེ་ཚན་ཉེར་དྲུག (Tibetan, Tibetan script, Original)
    • > chos 'chad pa'i skabs kyi nyes byas sde tshan nyer drug (Tibetan, Latin script, Transliteration-THL Extended Wylie Transliteration)
    • > chö chepé kab kyi nyejé detsen nyer druk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

མི་ན་བར་འདུག་པ་ལ་འགྲེང་སྟེ་བཤད་པ། ཉལ་བ་ལ་འདུག་སྟེ་སྟོན་པ། སྟན་མཐོན་པོ་དང་བཟང་པོར་འདུག་པ་ལ་དམའ་བ་དང་ངན་པར་འདུག་སྟེ་བཤད་པ། མདུན་ནས་འགྲོ་བ་ལ་རྒྱབ་ནས་སྟོན་པ། ལམ་ནས་འགྲོ་བ་ལ་ལམ་གྱི་འགྲམ་ནས་འགྲོ་ཞིང་སྟོན་པ། མགོ་གཡོག་པ་དང་། གོས་བརྫེས་པ་དང་། ཆོས་གོས་ཕྲག་པ་གཉིས་ཀར་གཟར་བ་དང་། ལག་པ་གཉའ་གོང་དུ་བསྣོལ་བ་དང་། ལྟག་པར་བསྣོལ་བ་དང་། དོ་ཀེར་ཅན(མགོ་སྐྲ་གཙུག་ཏོར་ལྟར་བཅིངས་པ)དང་། ཞྭ་གྱོན་པ་དང་། ཅོད་པན་ཅན་དང་། མགོ་ལ་ཕྲེང་བ་བཅིངས་པ་དང་། མགོ་ཐོད་ཀྱིས་དཀྲིས་པ་དང་། གླང་པོ་ཆེ་ལ་ཞོན་པ་དང་། རྟ་ལ་ཞོན་པ་དང་། འདོ་ལེ་སོགས་ཁྱོགས་ལ་འདུག་པ། བཞོན་པའི་སྟེང་ན་འདུག་པ། མཆིལ་ལྷམ་གྱོན་པ་དང་། ལག་ན་འཁར་བ་ཐོགས་པ་དང་། གདུགས་ཐོགས་པ་དང་། མཚོན་ཐོགས་པ་དང་། རལ་གྲི་ཐོགས་པ་དང་། དགྲ་སྟ་ཐོགས་པ་དང་། གོ་ཆ་གྱོན་པ་ལ་ཆོས་བཤད་པའོ། །

language:
Tibetan

2. Thupten Phuntsok Dictionary

མི་ན་བར་འདུག་པ་ལ་འགྲེང་སྟེ་བཤད་པ། ཉལ་བ་ལ་འདུག་སྟེ་སྟོན་པ། སྟན་མཐོན་པོ་དང་བཟང་པོར་འདུག་པ་ལ་དམའ་བ་དང་ངན་པར་འདུག་སྟེ་བཤད་པ། མདུན་ནས་འགྲོ་བ་ལ་རྒྱབ་ནས་སྟོན་པ། ལམ་ནས་འགྲོ་བ་ལ་ལམ་གྱི་འགྲམ་ནས་འགྲོ་ཞིང་སྟོན་པ། མགོ་གཡོག་པ་དང་། གོས་བརྫེས་པ་དང་། ཆོས་གོས་ཕྲག་པ་གཉིས་ཀར་གཟར་བ་དང་། ལག་པ་གཉའ་གོང་དུ་བསྣོལ་བ་དང་། ལྟག་པར་བསྣོལ་བ་དང་། དོ་ཀེར་ཅན (མགོ་སྐྲ་གཙུག་ཏོར་ལྟར་བཅིངས་པ) དང་། ཞྭ་གྱོན་པ་དང་། ཅོད་པན་ཅན་དང་། མགོ་ལ་ཕྲེང་བ་བཅིངས་པ་དང་། མགོ་ཐོད་ཀྱིས་དཀྲིས་པ་དང་། གླང་པོ་ཆེ་ལ་ཞོན་པ་དང་། རྟ་ལ་ཞོན་པ་དང་། འདོ་ལེ་སོགས་ཁྱོགས་ལ་འདུག་པ། བཞོན་པའི་སྟེང་ན་འདུག་པ། མཆིལ་ལྷམ་གྱོན་པ་དང་། ལག་ན་འཁར་བ་ཐོགས་པ་དང་། གདུགས་ཐོགས་པ་དང་། མཚོན་ཐོགས་པ་དང་། རལ་གྲི་ཐོགས་པ་དང་། དགྲ་སྟ་ཐོགས་པ་དང་། གོ་ཆ་གྱོན་པ་ལ་ཆོས་བཤད་པའོ། །

language:
Tibetan