Skip to main content Skip to search
chos rje bkra shis dpal brtsegs
ID:
T230156
  • ཆོས་རྗེ་བཀྲ་ཤིས་དཔལ་བརྩེགས (Tibetan, Tibetan script, Original)
    • > chos rje bkra shis dpal brtsegs (Tibetan, Latin script, Transliteration-THL Extended Wylie Transliteration)
    • > chöjé tashi pal tsek (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཆོས་རྗེ་འདི་ཉིད་ཡབ་ཀུན་དགའ་བཤེས་གཉེན་དང་ཡུམ་འཇམ་དཔལ་སྐྱིད་གཉིས་ཀྱི་སྲས་སུ་རབ་་བྱུང་དྲུག་པའི་ས་ཕག(༡༣༥༩)ལོར་སྐུ་བལྟམས། དགུང་ལོ་དྲུག་པ་ལ་སློབ་དཔོན་སྒོམ་པ་རིན་གཞོན་གྱི་དྲུང་དུ་ཡི་གེ་འབྲི་ཀློག་ལ་སྦྱང་བརྩོན་མཛད། དགུང་ལོ་བཅུ་གཅིག་བཞེས་པའི་ཚེ་བཀའ་བརྒྱུད་ཀྱི་ཆོས་སྐོར་ཐམས་ཅད་ཀྱི་བདག་པོ་སློབ་དཔོན་རིན་ཆེན་དཔལ་བ་ལས་རྒྱུད་གསུམ་མན་ངག་དང་། སྤྱོད་འཇུག་དང་ཤེས་རབ་བརྒྱ་པ། ཁྱད་པར་དུ་བརྟག་གཉིས་སོགས་གསན་སྦྱོང་མཛད། དགུང་ལོ་བཅུ་བདུན་ལ་ཕེབས་སྐབས་རིན་པོ་ཆེ་ནམ་མཁའ་དཔལ་བཟང་པོས་མཁན་པོ་དང་། གནས་བརྟན་རིན་ཆེན་འོད་ཀྱིས་སློབ་དཔོན་མཛད་དེ་རབ་ཏུ་བྱུང་། མཚན་བཀྲ་ཤིས་དཔལ་བརྩེགས་ཉི་མའི་དབང་པོ་བསྲུང་བའི་གོ་ཆ་ཞེས་གསོལ། དེ་ནས་ཆོས་དབང་གཉིས་པ་སོགས་མཁས་དབང་མང་པོའི་ཞབས་ལ་གཏུགས་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཡོངས་སུ་རྫོགས་པ་དང་། ནཱ་རོའི་ཆོས་དྲུག ཕྱག་རྒྱ་ཆེན་པོ། བཀའ་བརྒྱུད་ཀྱི་ཆོས་རིན་པོ་ཆེ་མ་ལུས་པའི་དབང་ཁྲིད་ལུང་གསུམ་ཞུས་པས་ལམ་གྱི་དྲོད་རྟགས་བསམ་གྱིས་མི་ཁྱབ་པ་འཁྲུངས་ཤིང་། ཏིང་ངེ་འཛིན་གྱི་སྒོ་དུ་མ་ཕྱེས། གཞན་ཡང་ཤ་བ་རའི་སྦྱོར་དྲུག ཆོས་རྗེ་བསོད་ནམས་རྒྱལ་མཚན་པའི་སྦྱོར་དྲུག་གསང་འདུས་རིམ་ལྔའི་ཁྲིད་དང་ནག་ཁྲིད་སྐོར་དམར་ཁྲིད། དབུ་སེམས་ཀྱི་སེམས་བསྐྱེད། བློ་སྦྱོང་དོན་བདུན་མ། ལམ་འབྲས་སོགས་ཇི་རྙེད་གསན་དགུང་ལོ་བཅོ་བརྒྱད་ལ་ཕེབས་པ་མེ་འབྲུག(༡༣༧༦)ལོར་སྟག་ལུང་གི་གདན་སར་ཕེབས་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོར་བསྐོར། དགུང་ལོ་ཉི་ཤུ་པར་ལྷ་སར་ཕེབས། ལོ་ཆེན་བྱང་རྩེ་དང་མཇལ། དེ་ནས་ལོ་ཆེན་གྱི་མཁན་པོ་དང་། ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་སློབ་དཔོན། ལོ་ཙཱ་བ་ནམ་མཁའ་བཟང་པོས་གསང་སྟེ་མཛད་ནས་བསྙེན་པར་རྫོགས། ལོ་ཆེན་ལས་ཆོས་དཔག་ཏུ་མེད་པ་གསན། དེ་ནས་སྟག་ལུང་དུ་ཕེབས་ནས་ཁྲིད་ཁ་གྲངས་མེད་པ་བཏབ། གླིང་གསེབ་ཏུ་ཤ་མི་འགྲིམ་པའི་ཁྲིམས་མཛད། དབུས་གཙང་གི་སྡེ་དགོན་ཐམས་ཅད་དུ་མང་སྐོལ་གྱི་རྣམ་གཞག་རྒྱ་ཆེན་པོ་མཛད། སྟག་ལུང་ཐང་པའི་སྐུ་འདྲ་བཞེངས། སྔ་ཕྱིར་བྱང་རིས་དང་ཁམས་སྟོད་དུ་བྱོན་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། གོང་ནས་རྒྱལ་པོ་ཡེ་དབང་གིས་གུ་ཤྲཱིའི་ལས་ཀ། དངུལ་གྱི་ཐམ་ཀ་ཀའོ་མིང་དང་བཅས་ཕུལ། མཐར་དགུང་ལོ་དྲུག་ཅུ་རེ་དྲུག་པ་རབ་བྱུང་བདུན་པའི་ཤིང་འབྲུག(༡༤༢༤)ལོར་ངོ་མཚར་གྱི་བལྟས་བཟང་པོ་དུ་མ་དང་བཅས་ཏེ་དགོངས་པ་ཆོས་ཀྱི་དབྱིངས་སུ་གཤེགས།

language:
Tibetan

2. Thupten Phuntsok Dictionary

ཆོས་རྗེ་འདི་ཉིད་ཡབ་ཀུན་དགའ་བཤེས་གཉེན་དང་ཡུམ་འཇམ་དཔལ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་ས་ཕག (༡༣༥༩) ལོར་སྐུ་བལྟམས། དགུང་ལོ་དྲུག་པ་ལ་སློབ་དཔོན་སྒོམ་པ་རིན་གཞོན་གྱི་དྲུང་དུ་ཡི་གེ་འབྲི་ཀློག་ལ་སྦྱང་བརྩོན་མཛད། དགུང་ལོ་བཅུ་གཅིག་བཞེས་པའི་ཚེ་བཀའ་བརྒྱུད་ཀྱི་ཆོས་སྐོར་ཐམས་ཅད་ཀྱི་བདག་པོ་སློབ་དཔོན་རིན་ཆེན་དཔལ་བ་ལས་རྒྱུད་གསུམ་མན་ངག་དང་། སྤྱོད་འཇུག་དང་ཤེས་རབ་བརྒྱ་བ་སོགས་གསན་སྦྱོང་མཛད། དགུང་ལོ་བཅོ་བརྒྱད་ལ་ཕེབས་པ་མེ་འབྲུག (༡༣༧༦) ལོར་སྟག་ལུང་གི་གདན་སར་ཕེབས་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོར་བསྐོར། དགུང་ལོ་ཉི་ཤུ་པར་ལྷ་སར་ཕེབས། ལོ་ཆེན་བྱང་རྩེ་དང་མཇལ། དེ་ནས་ལོ་ཆེན་གྱིས་མཁན་པོ་དང་། ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་སློབ་དཔོན། ལོ་ཙཱ་བ་ནམ་མཁའ་བཟང་པོས་གསང་སྟེ་མཛད་ནས་བསྙེན་པར་རྫོགས། སྔ་ཕྱིར་བྱང་རིས་དང་ཁམས་སྟོད་དུ་བྱོན་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། གོང་ནས་རྒྱལ་པོ་ཡེ་དབང་གིས་གུ་ཤྲཱིའི་ལས་ཀ དངུལ་གྱི་ཐམ་ཀ་ཀའོ་མིང་དང་བཅས་ཕུལ། མཐར་དགུང་ལོ་དྲུག་ཅུ་རེ་དྲུག་པ་རབ་བྱུང་བདུན་པའི་ཤིང་འབྲུག (༡༤༢༤) ལོར་སྐུ་གཤེགས།

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་སྟག་ལུང་བཀྲ་ཤིས་དཔལ་བརྩེགས་དང་མི་གཅིག་ཡིན་པས་དེར་གཟིགས་པར་ཞུའོ།།

language:
Tibetan