Skip to main content Skip to search
chos nyid kyi bar do la rang bzhin gyi rtog pa brgyad cu 'gags pa
ID:
T230185
  • ཆོས་ཉིད་ཀྱི་བར་དོ་ལ་རང་བཞིན་གྱི་རྟོག་པ་བརྒྱད་ཅུ་འགགས་པ (Tibetan, Tibetan script, Original)
    • > chos nyid kyi bar do la rang bzhin gyi rtog pa brgyad cu 'gags pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > chönyi kyi bardo la rangshyin gyi tokpa gyechu gakpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

དེ་ཡང་དང་པོ་རང་བཞིན་གྱི་རྟོག་པ་སུམ་ཅུ་རྩ་གསུམ་དང་། གཉིས་པ་འདོད་ཆགས་ལས་བྱུང་བའི་རྟོག་པ་བཞི་བཅུ། གསུམ་པ་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་ལས། དང་པོ་རང་བཞིན་གྱི་རྟོག་པ་སུམ་ཅུ་རྩ་གསུམ་ནི། ཨཱརྱ་དེ་བའི་སྤྱོད་བསྡུས་ལས། འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་དང་བྲལ་བ་བར་མ་དང་། ཤིན་ཏུ་འདོད་ཆགས་དང་བྲལ་བ་དང་། ཤིན་ཏུ་ཚོར་བ་དང་། རིག་པ་པོ་དང་། རིག་གཞི་དང་། སོ་སོར་རྟོག་པ་དང་། ངོ་ཚ་ཤེས་པ་དང་། བརྩེ་བ་དང་། བརྩེ་བ་བར་མ་དང་། ཤིན་ཏུ་བརྩེ་བ་དང་། དོགས་པ་དང་བཅས་པ་དང་། བསགས་པ་དང་། གཉིད་དང་། ཕྲག་དོག་གོ། གཉིས་པ་འདོད་ཆགས་ལས་བྱུང་བའི་རྟོག་པ་བཞི་བཅུ་ནི། ཆགས་པ་བར་མ་དང་། ཤིན་ཏུ་ཆགས་པ་དང་། དགའ་བ་དང་། དགའ་བ་བར་མ་དང་། ཤིན་ཏུ་དགའ་བ་དང་། རངས་པ་དང་། རབ་ཏུ་མགུ་བ་དང་། ངོ་མཚར་བ་དང་། རྒོད་པ་དང་། ཚིམ་པ་དང་། འཁྱུད་པ་དང་། འོ་བྱེད་པ་དང་། འཇིགས་པ་དང་། བརྟེན་པ་དང་། བརྩོན་པ་དང་། ང་རྒྱལ་བ་དང་། བྱ་བ་དང་། འགྲོགས་པ་དང་། སྟོབས་དང་། དབྲོག་པ་དང་། སྤྲོ་བ་དང་། ལྷན་ཅིག་བྱེད་པའི་དགའ་བ་ལ་སྦྱོར་བ་དང་། ཤིན་ཏུ་དགའ་བ་ལ་སྦྱོར་བ་དང་། སྒེག་པ་དང་། རྣམ་པར་སྒེག་པ་དང་། ཞེ་འགྲས་པ་དང་། དགེ་བ་དང་། ཚིག་གསལ་བ་དང་། བདེན་པ་དང་། མི་བདེན་པ་དང་། ངེས་པ་དང་། ཉེ་བར་ལེན་པ་དང་། སྦྱིན་པ་པོ་དང་། གཞན་ལ་སྐུར་བ་དང་། དཔའ་བོ་དང་། ངོ་ཚ་བ་མེད་་པ་དང་། གཡོ་སྒྱུ་དང་། སྡུག་པ་དང་། མི་སྲུན་པ་དང་། གྱ་གྱུ་ཆེ་བའོ། །གསུམ་པ་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་ནི། མི་གསལ་བ་དང་། བརྗེད་ངེས་པ་དང་། འཁྲུག་པ་དང་། མི་སྨྲ་བ་དང་། སྐྱོ་བ་དང་། ལེ་ལོ་དང་ཐེ་ཚོམ་མོ། །

language:
Tibetan

2. Thupten Phuntsok Dictionary

དེ་ཡང་དང་པོ་རང་བཞིན་གྱི་རྟོག་པ་སུམ་ཅུ་རྩ་གསུམ་དང་། གཉིས་པ་འདོད་ཆགས་ལས་བྱུང་བའི་རྟོག་པ་བཞི་བཅུ། གསུམ་པ་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་ལས། དང་པོ་རང་བཞིན་གྱི་རྟོག་པ་སུམ་ཅུ་རྩ་གསུམ་ནི། ཨཱརྱ་དེ་བའི་སྤྱོད་བསྡུས་ལས། ༡ འདོད་ཆགས་དང་བྲལ་བ་དང་། ༢ འདོད་ཆགས་དང་བྲལ་བར་མ་དང་། ༣ ཤིན་ཏུ་འདོད་ཆགས་དང་བྲལ་བ་གང་ཡིད་ཀྱིས་འགྲོ་བ་དང་། ༤ འོང་བ་དག་དང་། ༥ མྱ་ངན་དང་། ༦ མྱ་ངན་བར་པ་དང་། ༧ ཤིན་ཏུ་མྱ་ངན་པར་གྱུར་པ་དང་། ༨ ཞི་བ་དང་། ༩ རྣམ་རྟོགས་དང་། ༡༠འཇིགས་པ་དང་། ༡༡ འཇིགས་པ་བར་མ་དང་། ༡༢ ཤིན་ཏུ་འཇིགས་པ་དང་། ༡༣ སྲེད་པ་དང་། ༡༤ སྲེད་པ་བར་མ་དང་། ༡༥ ཤིན་ཏུ་སྲེད་པ་དང་། ༡༦ ཉེ་བར་ལེན་པ་དང་། ༡༧ མི་དགེ་བ་དང་། ༡༨ བཀྲེས་པ་དང་། ༡༩ སྐོམ་པ་དང་། ༢༠ ཚོར་བ་དང་། ༢༡ ཚོར་བ་བར་མ་དང་། ༢༢ ཤིན་ཏུ་ཚོར་བ་དང་། ༢༣ རིག་པ་པོ་དང་། ༢༤ འཛིན་པའི་གཞི་དང་། ༢༥ སོ་སོར་རྟོག་པ་དང་། ༢༦ ངོ་ཚ་ཤེས་པ་དང་། ༢༧ སྙིང་རྗེ་དང་། ༢༨ བརྩེ་བ་དང་། ༢༩ བརྩེ་བ་བར་མ་དང་། ༣༠ ཤིན་ཏུ་བརྩེ་བ་དང་། ༣༡ དོགས་པ་དང་བཅས་པ་དང་། ༣༢ བསྡུས་པ་དང་། ༣༣ ཕྲག་དོག་གོ ། གཉིས་པ་འདོད་ཆགས་ལས་བྱུང་བའི་རྟོག་པ་བཞི་བཅུ་ནི། ༡ ཆགས་པ་བར་མ་དང་། ༢ ཤིན་ཏུ་ཆགས་པ་དང་། ༣ དགའ་བ་དང་། ༤ དགའ་བ་བར་མ་དང་། ༥ ཤིན་ཏུ་དགའ་བ་དང་། ༦ རངས་པ་དང་། ༧ རབ་ཏུ་མགུ་བ་དང་། ༨ ངོ་མཚར་པ་དང་། ༩ རྒོད་པ་དང་། ༡༠ ཚིམ་པ་དང་། ༡༡ འཁྱུད་པ་དང་། ༡༢ འོ་བྱེད་པ་དང་། ༡༣ འཇིགས་པ་དང་། ༡༤ བརྟེན་པ་དང་། ༡༥ བརྩོན་པ་དང་། ༡༦ ང་རྒྱལ་བ་དང་། ༡༧ བྱ་བ་དང་། ༡༨ འགྲོགས་པ་དང་། ༡༩ སྟོབས་དང་། ༢༠ དབྲོག་པ་དང་། ༢༡ སྤྲོ་བ་དང་། ༢༢ ལྷན་ཅིག་བྱེད་པའི་དགའ་བ་ལ་སྦྱོར་བ་དང་། ༢༣ ཤིན་ཏུ་དགའ་བ་ལ་སྦྱོར་བ་དང་། ༢༤ སྒེག་པ་དང་། ༢༥ རྣམ་པར་སྒེག་པ་དང་། ༢༦ ཞེ་འགྲས་པ་དང་། ༢༧ དགེ་བ་དང་། ༢༨ ཚིག་གསལ་བ་དང་། ༢༩ བདེན་པ་དང་། ༣༠ མི་བདེན་པ་དང་། ༣༡ ངེས་པ་དང་། ༣༢ ཉེ་བར་ལེན་པ་དང་། ༣༣ སྦྱིན་པ་པོ་དང་། ༣༤ གཞན་ལ་སྐུར་བ་དང་། ༣༥ དཔའ་བོ་དང་། ༣༦ ངོ་ཚ་བ་མེད་པ་དང་། ༣༧ གཡོ་སྒྱུ་དང་། ༣༨ སྡུག་པ་དང་། ༣༩ མི་སྲུན་པ་དང་། ༤༠ གྱ་གྱུ་ཆེ་བའོ། །གསུམ་པ་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་ནི། ༡ མི་གསལ་བ་དང་། ༢ བརྗེད་ངེས་པ་དང་། ༣ འཁྲུག་པ་དང་། ༤ མི་སྨྲ་བ་དང་། ༥ སྐྱོ་བ་དང་། ༦ ལེ་ལོ་དང་། ༧ ཐེ་ཚོམ་མོ། །

language:
Tibetan