Skip to main content Skip to search
chos mdzad dgon
ID:
T230214
  • ཆོས་མཛད་དགོན (Tibetan, Tibetan script, Original)
    • > chos mdzad dgon (Tibetan, Latin script, Transliteration-THL Extended Wylie Transliteration)
    • > chödzé gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

དགོན་པ་ནམ་བཏབས་ཀྱི་དུས་ཚོད་གསལ་པོར་མ་མཆིས། སྤྱི་ལོའི་དུས་རབས་བཅུ་གསུམ་པའི་ནང་ཙམ་ནས་གནས་འདིར་སྒྲུབ་གྲྭ་ཡོད་པར་གསལ་ཏེ། དེའང་འདན་སྒྲོལ་མ་ལྷ་ཁང་དུ་ཕུར་པའི་བསྙེན་སྒྲུབ་མཛད་པའི་ངེའུ་ཕུ་གྲུབ་ཆེན་ཞེས་པ་གནས་འདིར་བྱོན་ནས་མཚམས་སྒྲུབ་མཛད་པས་སྒྲུབ་གྲྭ་ཞིག་ཆགས། དེ་རྗེས་སྔགས་བན་རྡོ་རྗེ་གྲགས་པས་འདུ་ཁང་གསར་བཞེངས་གནང་བར་བཤད། གྲུབ་མཐའ་འབྲི་གུང་བཀའ་བརྒྱུད་ཡིན། ད་ལྟ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་ཁོངས་སུ་ཡོད།

language:
Tibetan