Skip to main content Skip to search
chos srid gnyis ldan
ID:
T230227
  • ཆོས་སྲིད་གཉིས་ལྡན (Tibetan, Tibetan script, Original)
    • > chos srid gnyis ldan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > chösi nyiden (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(ཆོས་སྲིད་ཟུང་འབྲེལ)བོད་ཀྱི་རབ་བྱུང་བཞི་པའི་ལྕགས་སྤྲེལ(༡༢༦༠)ལོར། ཡོན་རྒྱལ་རབས་ཀྱི་གོང་མ་ཧུ་པི་ལི་སེ་ཆེན་ཧན་གྱིས་གོང་མ་མ་བྱས་གོང་སོག་པོའི་རྒྱལ་པོ་བྱས་པའི་ཁྲི་ལོ་དང་པོར་ས་སྐྱ་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ་གསང་སྔགས་ཀྱི་དབང་ཐེངས་དང་པོ་ཞུས་པའི་དབང་ཡོན་དུ་བོད་ཁྲི་སྐོར་བཅུ་གསུམ་གྱི་དབང་ཆ་ཡོངས་རྫོགས་ཕུལ་ནས་བོད་ས་གནས་ཀྱི་ཆོས་སྲིད་གཉིས་ཀའི་བདག་པོ་བསྐོར་པ་ནས་བཟུང་བོད་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་མཐོ་རིམ་མི་སྣས་ཆོས་སྲིད་གཉིས་ཀའི་དབང་ཆ་བཟུང་བའི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཆགས་པ་རེད།

language:
Tibetan

2. Thupten Phuntsok Dictionary

(ཆོས་སྲིད་ཟུང་འབྲེལ) བོད་ཀྱི་རབ་བྱུང་བཞི་པའི་ལྕགས་སྤྲེལ (༡༢༦༠) ལོར། ཡོན་རྒྱལ་རབས་ཀྱི་གོང་མ་ཧུ་པི་ལི་སེ་ཆེན་ཧན་གྱིས་གོང་མ་མ་བྱས་གོང་སོག་པོའི་རྒྱལ་པོ་བྱས་པའི་ཁྲི་ལོ་དང་པོར་ས་སྐྱ་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ་གསང་སྔགས་ཀྱི་དབང་ཐེངས་དང་པོ་ཞུས་པའི་དབང་ཡོན་ཏུ་བོད་ཁྲི་སྐོར་བཅུ་གསུམ་གྱི་དབང་ཆ་ཡོངས་རྫོགས་ཕུལ་ནས་བོད་ས་གནས་ཀྱི་ཆོས་སྲིད་གཉིས་ཀའི་བདག་པོར་བསྐོས་པ་ནས་བཟུང་བོད་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་མཐོ་རིམ་མི་སྣས་ཆོས་སྲིད་གཉིས་ཀའི་དབང་ཆ་བཟུང་བའི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཆགས་པ་རེད།

language:
Tibetan