- mchin nad leb rgan
- ID:
- T230247
- མཆིན་ནད་ལེབ་རྒན (Tibetan, Tibetan script, Original)
- > mchin nad leb rgan (Tibetan, Latin script, Transliteration-THL Extended Wylie Transliteration)
- > chin né leb gen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
མཆིན་ནད་རིགས་བཅོ་བརྒྱད་ཀྱི་ནང་ཚན་མཆིན་པ་ཁྲག་གིས་བརྒྱངས་ནས་དམར་སྨུག་ཏུ་སོང་བ། མཆིན་པའི་སྟེང་གི་རྩིབ་ཐུང་གཡས་གཡོན་གཉིས་སྦོ་ཞིང་ན་བ། སྤྱི་གཙུག་དང་མཚོག་ལྕི་བ། རོ་སྟོད་གཟེར་བ། གཞོགས་གཡས་འོག་ཏུ་བཅུག་ཚེ་འབུགས་སྙམ་བྱེད་པ། གཡོན་འོག་ཏུ་བཅུག་ཚེ་རྡིབ་སྙམ་བྱེད་པ། ཙོག་པུར་འདུག་ན་ཐུར་ལ་འཐེན་པ་འདྲ་བའི་ཚོར་བ་སྐྱེ་བ། ཤ་མདོག་སེར། མཁལ་རྐེད་མི་བདེ། སྒྱིད་པ་འཁུམས།
- language:
- Tibetan