- mchog gi nor bu
- ID:
- T230282
- མཆོག་གི་ནོར་བུ (Tibetan, Tibetan script, Original)
- > mchog gi nor bu (Tibetan, Latin script, Transliteration-THL Extended Wylie Transliteration)
- > chok gi norbu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
འདི་ནི་ནོར་བུའི་ནང་གི་ནོར་བུ་སྟེ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་རང་རྒྱལ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ལ་སོགས་པའི་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐུ་གདུང་ལས་བྱུང་བ་སྟེ། ཆེ་ཆུང་ཕལ་ཆེར་ཡུངས་ཀར་གྱི་འབྲུ་ཙམ་དང་། ཆེ་བ་འགའ་ཞིག་སྲན་མ་ཙམ་པ་སོགས་ཅི་ཡང་འབྱུང་ཞིང་། དབྱིབས་ནི་ཕལ་ཆེ་བ་རིལ་བུ་དང་། འགའ་ཞིག་ལ་ངེས་མེད་སྣ་ཚོགས་འབྱུང་བ། ཁ་དོག་མང་ཆེ་བ་དཀར་པོ་དང་། འགའ་ཞིག་སྔོ་སྐྱ། འགའ་ཞིག་འཇའ་རིས་ཅན་སོགས་འབྱུང་བ། མཆོད་ཅིང་ལུས་ལ་བཅངས་པ་ཡིས། གདོན་ཀུན་ཕྱོགས་སུ་ཉེ་མི་ནུས།
- language:
- Tibetan