Skip to main content Skip to search
mchod rten thang bkra shis dar rgyas gling
ID:
T230301
  • མཆོད་རྟེན་ཐང་བཀྲ་ཤིས་དར་རྒྱས་གླིང (Tibetan, Tibetan script, Original)
    • > mchod rten thang bkra shis dar rgyas gling (Tibetan, Latin script, Transliteration-THL Extended Wylie Transliteration)
    • > chörten tang tashi dargyé ling (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཐོག་མར་སྤྱི་ལོ་བརྒྱད་བརྒྱ་ལྷག་གི་དུས་སུ་བོན་དགོན་གཡུང་དྲུང་དགོན་བཞེངས་པ་དང་། ལོ་ངོ་ལྔ་བརྒྱ་ལྷག་སོང་རྗེས་ས་པཎ་གྱིས་དེ་གཞི་བྱས་ནས་ས་སྐྱ་དགོན་ཞིག་བཏབ། སྤྱི་ལོ་༡༣༦༠ལོར་ཀརྨ་རོལ་པའི་རྡོ་རྗེས་དེར་མཆོད་རྟེན་བཞེངས་ནས་མིང་དེ་ཐོབ་ལ་གྲུབ་མཐའ་ཡང་བཀའ་བརྒྱུད་པ་བྱས། ཕྱིས་སྤྱི་ལོ་༡༦༣༩ལོར་འདན་མ་ཚུལ་ཁྲིམས་རྒྱ་མཚོས་དགོན་པ་བསྐྱར་བཞེངས་གང་ནས་དགེ་ལུགས་པར་བསྒྱུར། ད་ལྟ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དཔའ་རིས་རྫོང་ཁོངས་སུ་ཡོད།

language:
Tibetan