Skip to main content Skip to search
'cha' kar
ID:
T230333
  • འཆའ་ཀར (Tibetan, Tibetan script, Original)
    • > 'cha' kar (Tibetan, Latin script, Transliteration-THL Extended Wylie Transliteration)
    • > cha kar (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རྔོན་པའི་ཡོ་བྱད་ཅིག་གི་མིང་སྟེ། གཙོ་བོར་གཅན་གཟན་རིགས་བསད་ཆས་ཡིན། གཡག་རྭས་བཟོས་པ། རྭ་རྙི་དང་རྣམ་པ་ཕྱོགས་འདྲ་བ། དེ་ལ་འཆའ་རྭ་དང་། འཆའ་དབྱུག འཆའ་གྲི། འཆའ་ཐིག་སོགས་འདུས་པ་ལས་གྲུབ་པ་ཞིག་རེད། བེད་སྤྱོད་བྱེད་སྐབས་འཆའ་རྭ་ས་འོག་ཏུ་སྦས་ཞིང་འཆའ་དབྱུག་གི་སྣེ་ལ་འཆའ་གྲི་བཙུགས། དེ་ལས་བརྒྱུད་པའི་སྲང་ཐག་ཕྲ་བ་ཞིག་ཕྱིའི་སྲང་ལམ་ཡས་མས་སུ་འབྲེལ་ནས་བྲན། གཅན་གཟན་སོགས་ལམ་དུ་བགྲོད་སྐབས་སྲང་ཐག་ལ་རེག་པ་ཙམ་གྱིས་འཆའ་ཀར་བདོས་ནས་འཆའ་གྲིས་སེམས་ཅན་དེའི་ལུས་བཅད་ཅིང་ཡོད་པ་རེད།

language:
Tibetan