- 'char snang ri mo'i grub mtha' phyi ma
- ID:
- T230335
- འཆར་སྣང་རི་མོའི་གྲུབ་མཐའ་ཕྱི་མ (Tibetan, Tibetan script, Original)
- > 'char snang ri mo'i grub mtha' phyi ma (Tibetan, Latin script, Transliteration-THL Extended Wylie Transliteration)
- > char nang rimö drubta chima (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
འཆར་སྣང་རི་མོའི་གྲུབ་མཐའ་ཁག་གི་འབྲི་ཐབས་རྒྱུན་འཛིན་དང་གསར་གཏོད་བྱས་ཏེ། སྤྱི་ལོའི་དུས་རབས་བཅུ་དགུ་པའི་དུས་མཇུག་ནས་ཉི་ཤུའི་དུས་འགོའི་བར་དར་འཕེལ་ཆེན་པོ་བྱུང་ཡོད། ཁོ་ཚོས་རི་མོ་འབྲི་སྐབས་འོད་སྣང་མཚོན་ཐབས་མ་བྱས་པར། ཚོན་མདོག་ཕན་ཚུན་དབར་གྱི་སྡུར་ཚད་འབྲེལ་བ་མཚོན་པ་བྱེད་རྒྱུ་དེ་གཙོ་བོར་འཇོག་གི་ཡོད། དེ་བཞིན་སྒྱུ་རྩལ་གྱི་ཐད་ལ་རི་མོ་མཁན་རང་ངོས་ཀྱི་བརྩེ་སེམས་དང་རང་གི་ཉམས་མྱོང་གི་ཚོར་སྣང་མཚོན་པར་དང་དོད་བྱེད་ཀྱི་ཡོད། གྲུབ་མཐའ་དེའི་ཚབ་བྱེད་ཀྱི་རི་མོ་མཁས་ཅན་སས་ཧྲང་དང་། ཧྥན་ཀའོ། །ཀའོ་ཀེང་། ལའོ་ཐེ་ལེ་ཁྱྀ་སོགས་ཡིན།
- language:
- Tibetan