- 'chi ba'i bya gtong gsum
- ID:
- T230350
- འཆི་བའི་བྱ་གཏོང་གསུམ (Tibetan, Tibetan script, Original)
- > 'chi ba'i bya gtong gsum (Tibetan, Latin script, Transliteration-THL Extended Wylie Transliteration)
- > chiwé ja tong sum (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ནད་པ་གསོ་མི་ཐུབ་པ་འཆི་བའི་སྔོན་རྟགས་རྣམ་པ་གསུམ་གྱི་བསྡུས་མིང་སྟེ། བཀྲ་འབུམ་པས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། མིག་མདངས་ཉམས་ཤིང་འཛུམ་དཀར་གྱེན་དུ་ལྡོག་པ་རྩའི་བྱ་གཏོང་དང་། ཁ་སྣའི་དབུགས་གྲང་གདོང་ལ་རྔུལ་ཆགས་པ་རླུང་གི་བྱ་གཏོང་། ལུས་ཀྱི་སྟོབས་ཤོར་གདན་ལ་འབྱར་བ་ཟུངས་ཀྱི་བྱ་གཏོང་བཅས་གསུམ་ཡིན་པས་དེ་གསུམ་ཚང་ན་ནད་པ་འཆི་བའི་བརྡའོ། །
- language:
- Tibetan