- ja dgon bde chen nyi 'od gling
- ID:
- T230372
- ཇ་དགོན་བདེ་ཆེན་ཉི་འོད་གླིང (Tibetan, Tibetan script, Original)
- > ja dgon bde chen nyi 'od gling (Tibetan, Latin script, Transliteration-THL Extended Wylie Transliteration)
- > ja gön dechen nyi ö ling (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དགོན་པ་འདི་ཐོག་མར་རབ་བྱུང་བརྒྱད་པའི་ས་གླང་ལོར་ཀརྨ་པ་སྐུ་ཕྲང་བདུན་པ་ཆོས་གྲགས་རྒྱ་མཚོའི་སློབ་མ་འཇང་གྲྭ་སངས་རྒྱས་དཔལ་བཟང་དང་། བྱ་བཏང་ཐར་པ་རྒྱལ་མཚན་གྱིས་ནང་ཆེན་ཇ་པ་བྲག་རྩར་ཕྱག་བཏབས། རབ་བྱུང་བཅུ་གཅིག་པའི་ཤིང་འབྲུག་སྤྱི་ལོ་༡༦༦༤ལོར་དགོན་པའི་རྒྱབ་རིའི་བྲག་རྡོ་ལྷུང་ནས་ལྷ་ཁང་གཏོར། མཁས་གྲུབ་ཀརྨ་ཆགས་མེད་དང་། ཡོན་དགེ་མི་འགྱུར་རྡོ་རྗེ་རྣམ་གཉིས་ཀྱི་བཀའ་ལུང་བཞིན་དགོན་གནས་ཚུར་སྤོས་པ་ལ་ཡང་དགོན་ཞབས་དགོན་ཞེས་འབོད། རབ་བྱུང་བཅུ་དྲུག་པའི་ལྕགས་སྤྲེལ་སྤྱི་ལོ་༡༩༨༠ལོར་སྒོམ་ཆེན་བླ་རྒན་སངས་རྒྱས་བསྟན་འཛིན་གྱིས་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་པ་གསར་བཞེངས་གནང་། གྲུབ་མཐའ་ཀརྨ་བཀའ་བརྒྱུད་ཡིན། ད་ལྟ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ཁོངས་སུ་ཡོད། །
- language:
- Tibetan