Skip to main content Skip to search
ji big thi mur
ID:
T230401
  • ཇི་བིག་ཐི་མུར (Tibetan, Tibetan script, Original)
    • > ji big thi mur (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ji bik ti mur (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(ཐེའེ་མུར་ཨོལ་ཇ་དུ)ཐུ་སུ་ཐེ་མུར(ཆིང་ཙུང་ཀུན་ཁེ་འོའུ) ཤིང་གླང་ལོ་པ། རང་ལོ་སུམ་ཅུ་པ། རབ་བྱུང་ལྔ་པའི་ཤིང་རྟ(༡༢༩༤) ལོ་ནས་རབ་བྱུང་ལྔ་པའི་མེ་ལུག(༡༣༠༧) ལོ་བར (དབེན་ཅིང་ལོ་གཉིས་ཏའི་ཏིང་གི་ལོ་བཅུ་གཅིག་བཅས) ལོ་བཅུ་གསུམ་རིང་སྲིད་དབང་བཟུང་། མིང་ལ་ཨོལ་ཅེའི་ཐུ་ཟེར། འདིའི་དུས་སུ་ཀུན་མཁྱེན་ཆོས་སྐུ་འོད་ཟེར་གདན་དྲངས་ནས། སྔར་ས་སྐྱ་པཎ་ཆེན་གྱིས་བཟོས་གནང་བའི་སོག་ཡིག་ལ་ཡི་གེ་རྔ་མ་ཅན་མང་པོ་ཁ་སྣོན་བརྒྱབ་སྟེ་སོག་ཡིག་ཐོག་ནས་ཆོས་ལུགས་ཀྱི་ནང་དོན་སྟོན་ཐུབ་པ་བཟོས། ཤར་པ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་བླ་མར་བསྟེན། རྒྱལ་ཐམ་མི་འགྱུར་གཡུང་དྲུང་ཡང་ལག་ཏུ་འབྱོར།

language:
Tibetan

2. Thupten Phuntsok Dictionary

(ཐེའེ་མུར་ཨོལ་ཇ་དུ) ཐུ་སུ་ཐེ་མུར་ (ཆིང་ཙུང་ཀུན་ཁེ་འོའུ) ཤིང་གླང་ལོ་པ། རང་ལོ་སུམ་ཅུ་པ། རབ་བྱུང་ལྔ་པའི་ཤིང་རྟ (༡༢༩༤) ལོ་ནས་རབ་བྱུང་ལྔ་པའི་མེ་ལུག (༡༣༠༧) ལོ་བར (དབེན་ཅིང་ལོ་གཉིས་ཏའི་ཏིང་ལོ་བཅུ་གཅིག་བཅས) ལོ་བཅུ་གསུམ་རིང་སྲིད་དབང་བཟུང་། མིང་ལ་ཨོལ་ཅེའི་ཐུ་ཟེར། འདིའི་དུས་སུ་ཀུན་མཁྱེན་ཆོས་སྐུ་འོད་ཟེར་གདན་དྲངས་ནས། སྔར་འགྲོ་མགོན་འཕགས་པས་བཟོས་གནང་བའི་སོག་ཡིག་ལ་ཡི་གེ་རྔ་མ་ཅན་མང་པོ་ཁ་སྣོན་བརྒྱབ་སྟེ་སོག་ཡིག་ཐོག་ནས་ཆོས་ལུགས་ཀྱི་ནང་དོན་སྟོན་ཐུབ་པ་བཟོས། ཤར་པ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་བླ་མར་བསྟེན། རྒྱལ་ཐམ་མི་འགྱུར་གཡུང་དྲུང་ཡང་ལག་ཏུ་འབྱོར།

language:
Tibetan