Skip to main content Skip to search
ji bzhin pa'i ngang
ID:
T230406
  • ཇི་བཞིན་པའི་ངང (Tibetan, Tibetan script, Original)
    • > ji bzhin pa'i ngang (Tibetan, Latin script, Transliteration-THL Extended Wylie Transliteration)
    • > jishyinpé ngang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

བཀའ་རྒྱུད་ཆོས་ལུགས་འཛིན་པའི་བླ་མ་གོང་མ་ཚོའི་གསུང་རྒྱུན་ལ། རང་ཅག་རྣམས་ཀྱི་སེམས་ལ་བཟང་ངན་གྱི་རྟོག་པ་དང་སྣང་བ་གང་འཆར་བ་དེ་ཉིད་ཀྱི་ཆེད་དུ་གཉེར་ནས་མི་འགོག་པར་དེ་ཁ་རང་གི་མུ་ལ་སེམས་མཉམ་པར་བཞག་པ་དེ་ལ་སེམས་མ་བཅོས་པའི་ངང་དུ་མཉམ་པར་བཞག་པ་ཞེས་གསུང་སྲོལ་འདུག་པ་དེ་ཡིན་ནམ་སྙམ།

language:
Tibetan

2. Thupten Phuntsok Dictionary

བཀའ་བརྒྱུད་པའི་ཆོས་སྐད་ཅིག་སྟེ་སེམས་ལ་གང་ཤར་བ་དེ་ལ་མ་འཁྲུལ་པ་དྲན་པ་དང་། ཤེས་བཞིན་པའི་ངང་དུ་སྐྱོང་བ་ལ་ཟེར།

language:
Tibetan