- ju 'un
- ID:
- T230409
- ཇུ་འུན (Tibetan, Tibetan script, Original)
- > ju 'un (Tibetan, Latin script, Transliteration-THL Extended Wylie Transliteration)
- > ju ün (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གོང་དུ་བཤད་པ་ལྟར་ཧོང་ཁྲའོས་ཞིང་པའི་གསར་བརྗེའི་སྲིད་དབང་བཙུགས་ནས་རྒྱལ་པོ་བྱེད་སྐབས་ཀྲུའུ་དབེན་གྱིས་ཐོག་མར་བློན་པོ་བྱས་ཤིང་རྗེས་སུ་ཐང་ལ་མགོ་བཏགས། རྗེས་སུ་ཐང་རྒྱལ་རབས་ཀྱི་གོང་མ་ཐང་ཨེད་ཏིའི་ལི་ཁྲུའུ་ཁྲི་ལོ་བཞི་པ་མེ་ཡོས (༩༠༧) ལོར་གོང་མ་ཐང་ཨེད་ཏིས་གོ་གནས་ལས་ཕབ་སྟེ་རང་ཉིད་གོང་མ་བྱས་པ་ཞིག་ཡིན་ཅིང་། རྒྱལ་རབས་ཀྱི་མིང་ལ་ལེའང (ལྱ) རྒྱལ་རབས་རྗེས་མ་ཟེར་བ་དང་རྒྱལ་ས་ནི་ཧོ་ནན་ཞིང་ཆེན་གྱི་ཁའེ་ཧྥེང་ཡིན། རྒྱལ་རབས་འདིར་སྔ་རྗེས་སུ་གོང་མ་མི་རབས་གསུམ་གྱིས (༩༠༧ལོ་ནས༩༢༣ལོ) བར་ལོ་ངོ་བཅུ་བདུན་རིང་སྲིད་དབང་བཟུང་།
- language:
- Tibetan