Skip to main content Skip to search
'khor ba 'jig
ID:
T23041
  • འཁོར་བ་འཇིག (Tibetan, Tibetan script, Original)
    • > 'khor ba 'jig (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khorwanjik (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

lit. breaker of transmigratory existence. Krakucchanda, [the fourth buddha in this aeon, kalpa]. Syn སངས་རྒྱས་འཁོར་བ་འཇིག་

language:
English

2. Ives Waldo Dictionary

  • breaker of transmigratory existence, Krakucchanda [4th buddha in this kalpa) 1 of the sangs rgyas dpa' bo bdun]

    language:
    English
  • breaker of transmigratory existence, Krakucchanda

    language:
    English

3. Jim Valby Dictionary

breaker or destroyer of transmigratory existence, name of a former tathagata, krakuchanda, 1 of previous 7 buddhas, SA sangs rgyas rab bdun

language:
English

4. bod rgya tshig mdzod chen mo

[316] ༼ཀྲཀུཙྪནྡཿ༽ སངས་རྒྱས་དཔའ་བོ་བདུན་གྱི་གྲས་ཤིག་...

language:
English

5. dung dkar bod rig pa'i tshig mdzod chen mo

སངས་རྒྱས་འཁོར་བ་འཇིག་སྟེ། སངས་རྒྱས་ཆོས་ལུགས་ཀྱི་ཤོད་སྲོལ་ལ། སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་མཛེས་པར་སྣང་བ་ལ་གླིང་བཞི་ལ་དབང་བའི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡུལ་འཁོར་སྲུང་ཞེས་བྱ་བ་བྱུང༌། དེར་བཙུན་མོ་བདུན་འབུམ་དང་སྲས་སྟོང་དུ་ཚང་བ་ཡོད་དོ། །རྒྱལ་པོས་འདི་སྙམ་དུ་རྒྱལ་བུ་འདི་དག་ཐམས་ཅད་བྱང་ཆུབ་ཏུ་ཞུགས་པ་འགྱུར་བ་ཤ་སྟག་ཡིན་ན་གང་ཐོག་མ་སངས་རྒྱས་བརྟག་པར་བྱའོ་སྙམ་སྟེ། གཞོན་ནུ་དེ་ཐམས་ཅད་ཀྱི་མིང་བྲིས་ནས་བུམ་པར་བཅུག་སྟེ་ཞག་བདུན་དུ་མཆོད་པ་བྱས་ཏེ་བུམ་པའི་ནང་དུ་མིང་རྣམས་རིམ་བཞིན་བྱུང་བས། ཐོག་མར་གཞོན་ནུ་རྣམ་པར་དག་པའི་བློ་གྲོས་ཀྱི་མིང་བྱུང་བས་དེ་ནི་འཁོར་བ་འཇིག་གོ། དེ་ནས་གཞོན་ནུ་རྣམ་པར་འབྱུང་བའི་སྡེ་ནི་གསེར་ཐུབ། དབང་པོ་ཞི་བ་ནི་འོད་སྲུང༌། དོན་ཐམས་ཅད་གྲུབ་པ་ནི་ཤཱཀྱ་ཐུབ་པ། སྐ་རག་ཅན་ནི་བྱམས་པ། མཆོག་གི་བློ་གྲོས་ནི་སེང་གེ། གློག་གི་ལྷ་ནི་ཏོག བཟང་པོ་ནི་མེ་ཏོག་དམ་པའོ། །འོད་ཀྱི་དཔལ་ནི་མེ་ཏོག་རྒོ། རྣམ་པར་སྣང་བའི་པརྨོ་ནི་སྐར་རྒྱལ་ལོ། །དྲི་མ་མེད་པའི་འོད་ནི་སྤྱན་ལེགས་སོ། །རྡུལ་མེད་ནི་ལག་བཟང་ངོ༌། །བློ་གྲོས་རྒྱལ་པོ་ནི་འོད་དོ། །དགེ་བ་བཀོད་པའི་རྒྱལ་པོ་ནི་སྐར་མ་ལ་དགའ་བའོ། །ཕྱོགས་འབྱོར་པ་ནི་མངོན་པར་འཕགས་པ་གཤེགས་པའོ། །རྣམ་པར་དག་པ་བཀོད་པའི་རྒྱལ་པོ་ཡོན་ཏན་མངའ་བའོ། །དཔལ་སྦས་ནི་ནོར་དཔལ་ལོ། །ལུས་ཤིན་ཏུ་རྣམ་པར་འབྱེད་པ་ནི་ཡེ་ཤེས་འབྱུང་གནས་སོ། །རིན་ཆེན་གྲགས་ནི་ཀུན་ཏུ་སྣང་བའོ། །དེ་ནས་དགུ་བཅུ་གོ་དགུ་པ་སངས་རྒྱས་ཡོན་ཏན་མཐའ་ཡས་གྲགས་པའི་བར་བྱུང༌། དེ་ནས་ཐ་ཆུང་བློ་མཐའ་ཡས་ཀྱི་མིང་བྱུང༌། ཁོང་གིས་སངས་རྒྱས་དགུ་བརྒྱ་དང་དགུ་བཅུ་གོ་དགུའི་ཚེ་ཚད་དང་ཉན་ཐོས་ཀྱི་དགེ་འདུན་ཇི་སྙེད་དུ་འགྱུར་བ་མོས་པས་ན། སངས་རྒྱས་སྟོང་གི་ཐ་མ་མོས་པ་ཞེས་པ་མཚན་ཡང་དེ་ལྟར་ཐོབ་པར་གསུངས། བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་འབྱུང་བ་དང༌། གོང་དུ་གྲངས་འདྲེན་རྣམས་གསང་བ་བསམ་གྱིས་མི་ཁྱབ་པའི་མདོའི་རྗེས་སུ་འབྲང་བ་ལས། སྙིང་རྗེ་པད་དཀར་དང་མདོ་སྡེ་སྐལ་བཟང་བཅས་ཀྱི་བཤད་ཚུལ་འདི་དང་མི་མཐུན་པ་ཡོད། བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་འབྱུང་བ་འཛམ་གླིང་འདི་ལ་མཛད་པ་བཅུ་གཉིས་དངོས་སུ་སྟོན་པའི་དབང་དུ་བྱས་པ་ལས། བསྐལ་པ་བཟང་པོ་འདི་ལ་ཐེག་ཆེན་གྱི་བྱང་ཆུབ་ཐོབ་པ་ཙམ་སྟོང་གིས་མ་ངེས་པ<<བུ་སྟོན་ཆོས་འབྱུང>>ལས་གསུངས། དེ་ལ་སངས་རྒྱས་སྟོང་འབྱུང་བ་གནས་བསྐལ་ལས་མར་འགྲིབ་བརྒྱད་ཁྲི་པ་ནས་བརྒྱ་པའི་བར་ལ་འབྱུང་ངོ༌། །བརྒྱད་ཁྲི་བས་སྔ་བར་མི་འབྱུང་སྟེ། འཁོར་བ་ལ་སྐྱོ་ཤས་ཆུང་བས་ཆོས་དོན་དུ་མི་གཉེར། བརྒྱ་པ་ལས་ཕྱི་བར་མི་འབྱུང་སྟེ། ཚེ་དང་སེམས་ཅན། ཉོན་མོངས་པ། ལྟ་བ། དུས་ཀྱི་སྙིགས་མ་བཅས་ལྔ་བདོ་བས་སོ། །ཡར་འཕེལ་ལ་མི་འབྱུང་སྟེ། མི་དགེ་བ་ངང་གིས་སྤོང་ཞིང་དགེ་བ་ངང་གིས་འཕེལ་བས་སངས་རྒྱས་བྱོན་པའི་དགོས་པ་མེད་ཅིང་འཁོར་བ་ལས་སྐྱོ་ཤས་ཀྱང་ཆུང་བས་སོ། །དེས་ན་འཛམ་བུ་གླིང་པ་ཚེ་ལོ་བཞི་ཁྲིའི་དུས་སུ་སངས་རྒྱས་སྟོང་གི་དང་པོ་འཁོར་བ་འཇིག་བྱོན། གསུམ་ཁྲིའི་དུས་སུ་གསེར་ཐུབ། ཉི་ཁྲིའི་དུས་སུ་འོད་སྲུང༌། བརྒྱ་པའི་དུས་སུ་ཤཱཀྱ་ཐུབ་པ། བརྒྱད་ཁྲི་པའི་དུས་སུ་བྱམས་པ་འབྱོན་པར་གསུངས།

language:
Tibetan

6. Thupten Phuntsok Dictionary

〈ཀྲཀུཙྪནྡཿ〉སངས་རྒྱས་དཔའ་བོ་བདུན་གྱི་གྲས་ཤིག

language:
Tibetan

7. smon lam tshig mdzod chen mo

ཀྲཀུཙྪནྡཿ སངས་རྒྱས་དཔའ་བོ་བདུན་གྱི་གྲས་ཤིག

language:
Tibetan

10. Negi Tibetan-Sanskrit Dictionary

  • nā. krakucchandaḥ, buddhaḥ — atīte'dhvani asminneva bhadrakalpe catvāriṃśadvarṣasahasrāyuṣi prajāyāṃ krakucchando nāma samyaksaṃbuddho loka udapādi… sa śobhāvatīṃ rājadhānīmupaniśritya viharati a.śa.137ka/126; tṛtīye bhagavān kalpe krakucchandastathāgataḥ

    language:
    Sanskrit
  • … jambudvīpe purābhavat a.ka.89.120; vi.va.144ka/2.89.

    language:
    Sanskrit
Sanskrit:


  • kakutsundaḥ
  • krakucchanda