Skip to main content Skip to search
jun gar ba'i dbang sgyur thor ba
ID:
T230413
  • ཇུན་གར་བའི་དབང་སྒྱུར་ཐོར་བ (Tibetan, Tibetan script, Original)
    • > jun gar ba'i dbang sgyur thor ba (Tibetan, Latin script, Transliteration-THL Extended Wylie Transliteration)
    • > jün garwé wang gyur torwa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཇུན་གར་བ་ཚེ་རིང་དོན་གྲུབ་ཀྱིས་བོད་ཀྱི་སྲིད་དབང་བཟུང་རྗེས་མེ་བྱ(༡༧༡༧)ལོའི་ལོ་མཇུག་ཏུ་སྟག་རྩེ་མི་དབང་ལྷ་རྒྱལ་རབ་བརྟན་མིང་ཙམ་གྱི་སྲིད་སྐྱོང་ལ་བསྐོས། ཁོང་ནི་དགུང་ལོ་བདུན་ཅུ་ལྷག་ཙམ་གྱི་བགྲེས་པོ་ཞིག་ཡིན་པས་དོན་དུ་དབང་ཆ་ཇུན་གར་བས་བཟུང་། གསང་སྔགས་རྙིང་མའི་དགོན་པ་གཙོ་བོ་རྡོ་རྗེ་བྲག་དང་། སྨིན་གྲོལ་གླིང་ལ་སོགས་པའི་རྙིང་མའི་དགོན་སྡེ་རྣམས་བཤིག རྡོ་རྗེ་བྲག་རིག་འཛིན་པདྨ་འཕྲིན་ལས་དང་། སྨིན་གྲོལ་གླིང་གི་གདུང་སྲས་པདྨ་འགྱུར་མེད་རྒྱ་མཚོ། ལོ་ཆེན་དྷརྨ་ཤྲཱི་སོགས་སྔ་འགྱུར་བསྟན་པའི་གསལ་བྱེད་དམ་པ་མང་པོ་བཀྲོངས། གསེར་སྡོང་འཛམ་གླིང་རྒྱན་གཅིག་ཀྱང་བཤིག་རྩིས་བྱེད་སྐབས་སྟག་རྩེ་ལྷ་རྒྱལ་རབ་བརྟན་གྱིས་བཀག་ནས་མ་བཤིག་ཙམ་བྱུང་། དུས་རྒྱུན་མེ་སེར་ལ་བརྡབ་གསིག་ཆེ་བའི་ཐོག་སྔ་འགྱུར་བསྟན་པར་གནོད་ཚབས་ཆེ་བ་སོགས་གདུག་རྩུབ་ཀྱི་སྤྱོད་ངན་ཧ་ཅང་མང་པོ་བྱས་སྟབས་བོད་ཀྱི་མི་རྣམས་ཡིད་མི་རང་བར་གྱུར། ས་ཕག(༡༧༡༩)ལོར་ཆིང་རྒྱལ་རབས་ཀྱི་གོང་མ་ཁང་ཤིས་ཀྱི་སྲས་བཅུ་བཞི་པ་ཡུན་ཐིས་སྤྱི་ཁྱབ་དམག་སྤྱི་གནང་བའི་དཔུང་སྡེ་ཆེན་པོ་དྲུག་མདོ་ཁམས་སོགས་བརྒྱུད་ནས་ཇུན་གར་བ་བཅོམ་དུ་ཡོང་སྐབས་ཇུན་གར་བའི་དམག་དཔུང་མངའ་རིས་བརྒྱུད་ནས་བྲོས་སྟབས་མངའ་རིས་སྐོར་གསུམ་དང་། དབུས་གཙང་ཀོང་པོ་བཅས་ཀྱི་དམག་དཔུང་ནས་གོང་མའི་དཔུང་ཆེན་ལ་རམ་འདེམས་ཀྱིས་ཇུན་གར་བར་རྒོལ་བརྡུང་བྱས་ནས་ལྕགས་བྱི(༡༧༢༠)ལོར་ཇུན་གར་བ་ཡོངས་རྫོགས་བོད་ནས་མཐར་སྤྲོད་བཏང་། གོང་མའི་དཔུང་ཆེན་ལྷ་སར་འབྱོར་རྗེས་སྲིད་སྐྱོང་སྟག་རྩེ་ལྷ་རྒྱལ་རབ་བརྟན་གནས་དབྱུང་འཛིན་བཟུང་ཐོག་ཇུན་གར་གྱི་སྐབས་ལས་གནས་འཛིན་པ་པོ་ཁག་གཅིག་དང་ཇུན་གར་ནས་ཡིན་པ་བླ་མ་གྲྭ་པ་སོགས་འཛིན་བཟུང་འདྲི་ཞིབ་བྱེད་སྐབས་སྟག་རྩེ་ལྷ་རྒྱལ་རབ་བརྟན་གྱིས་ཉེས་པ་མེད་ཚུལ་བརྗོད་ཀྱང་ལྷ་བཟང་གི་སྲས་ཆུང་བ་སུཏྻ་བཟུངས་སྟེ་ཇུན་གར་བར་རྩིས་སྤྲོད་མཁན་སྟག་རྩེ་ལྷ་རྒྱལ་རབ་བརྟན་དང་། བཀའ་བློན་བཀྲ་ཤིས་རྩེ་པ། ཨ་ཆོས་སོགས་ལྷ་ས་སྐྱིད་ཆུའི་འགྲམ་དུ་མགུལ་བཅད།

language:
Tibetan

2. Thupten Phuntsok Dictionary

ཇུན་གར་བ་ཚེ་རིང་དོན་གྲུབ་ཀྱིས་བོད་ཀྱི་སྲིད་དབང་བཟུང་རྗེས་མེ་བྱ་ (༡༧༡༩) ལོའི་ལོ་མཇུག་ཏུ་སྟག་རྩེ་མི་དབང་ལྷ་རྒྱལ་རབ་བརྟན་མིང་ཙམ་གྱི་སྲིད་སྐྱོང་ལ་བསྐོས། ཁོང་ནི་དགུང་ལོ་བདུན་ཅུ་ལྷག་ཙམ་གྱི་བགྲེས་པོ་ཞིག་ཡིན་པས་དོན་དུ་དབང་ཆ་ཇུན་གར་བས་བཟུང་། གསང་སྔགས་རྙིང་མའི་དགོན་པ་གཙོ་བོ་རྡོ་རྗེ་བྲག་དང་། སྨིན་གྲོལ་གླིང་ལ་སོགས་པའི་རྙིང་མའི་དགོན་སྡེ་རྣམས་བཤིག རྡོ་རྗེ་བྲག་རིག་འཛིན་པདྨ་འཕྲིན་ལས་དང་། སྨིན་གྲོལ་གླིང་གི་གདུང་སྲས་པདྨ་འགྱུར་མེད་རྒྱ་མཚོ། ལོ་ཆེན་དྷརྨ་ཤྲཱི་སོགས་སྔ་འགྱུར་བསྟན་པའི་གསལ་བྱེད་དམ་པ་མང་པོ་བཀྲོངས། གསེར་སྡོང་འཛམ་གླིང་རྒྱན་གཅིག་ཀྱང་བཤིག་རྩིས་བྱེད་སྐབས་སྟག་རྩེ་ལྷ་རྒྱལ་རབ་བརྟན་གྱིས་བཀག་ནས་མ་བཤིག་ཙམ་བྱུང་། དུས་རྒྱུན་མི་སེར་ལ་བརྡབ་གསིག་ཆེ་བའི་ཐོག་སྔ་འགྱུར་བསྟན་པར་གནོད་ཚབས་ཆེ་བ་སོགས་གདུག་རྩུབ་ཀྱི་སྤྱོད་ངན་ཧ་ཅང་མང་པོ་བྱས་སྟབས་བོད་ཀྱི་མི་རྣམས་ཡིད་མི་རང་བར་གྱུར། ས་ཕག(༡༧༡༩)ལོར་ཆིང་རྒྱལ་རབས་ཀྱི་གོང་མ་ཁང་ཤིས་ཀྱི་སྲས་བཅུ་བཞི་པ་ཡུན་ཐིས་སྤྱི་ཁྱབ་དམག་སྤྱི་གནང་བའི་དཔུང་སྡེ་ཆེན་པོ་དྲུག་མདོ་ཁམས་སོགས་བརྒྱུད་ནས་ཇུན་གར་བ་བཅོམ་དུ་ཡོང་སྐབས་ཇུན་གར་བའི་དམག་དཔུང་མངའ་རིས་བརྒྱུད་ནས་བྲོས་སྟབས་མངའ་རིས་སྐོར་གསུམ་དང་། དབུས་གཙང་ཀོང་པོ་བཅས་ཀྱི་དམག་དཔུང་ནས་གོང་མའི་དཔུང་ཆེན་ལ་རམ་འདེགས་ཀྱིས་ཇུན་གར་བར་རྒོལ་བརྡུང་བྱས་ནས་ལྕགས་བྱི (༡༧༢༠) ལོར་ཇུན་གར་བ་ཡོངས་རྫོགས་བོད་ནས་མཐར་སྤྲོད་བཏང་། གོང་མའི་དཔུང་ཆེན་ལྷ་སར་འབྱོར་རྗེས་སྲིད་སྐྱོང་སྟག་རྩེ་ལྷ་རྒྱལ་རབ་བརྟན་གནས་དབྱུང་འཛིན་བཟུང་ཐོག་ཇུན་གར་གྱི་སྐབས་ལས་གནས་འཛིན་པ་པོ་ཁག་གཅིག་དང་ཇུན་གར་ནས་ཡིན་པ་བླ་མ་གྲྭ་པ་སོགས་འཛིན་བཟུང་འདྲི་ཞིབ་བྱེད་སྐབས་སྟག་རྩེ་ལྷ་རྒྱལ་རབ་བརྟན་གྱིས་ཉེས་པ་མེད་ཚུལ་བརྗོད་ཀྱང་ལྷ་བཟང་ཁང་གི་སྲས་ཆུང་བ་སུཏྻ་བཟུངས་སྟེ་ཇུན་གར་བར་རྩིས་སྤྲོད་མཁན་སྟག་རྩེ་བ་ཡིན་ཚུལ་སོགས་བརྗོད་དེ་སྟག་རྩེ་ལྷ་རྒྱལ་རབ་བརྟན་དང་། བཀའ་བློན་བཀྲ་ཤིས་རྩེ་པ། ཨ་ཆོས་སོགས་ལྷ་ས་སྐྱིད་ཆུའི་འགྲམ་དུ་མགུལ་བཅད།

language:
Tibetan