- jus 'ding gnas
- ID:
- T230417
- ཇུས་འདིང་གནས (Tibetan, Tibetan script, Original)
- > jus 'ding gnas (Tibetan, Latin script, Transliteration-THL Extended Wylie Transliteration)
- > jü ding né (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(ཇི་སྡེ་གླིང)ལྷ་སའི་གཙུག་ལག་ཁང་ནས་རྩིས་པའི་ལྷོ་ནུབ་མཚམས(དེང་སྐབས་ཐང་ཆེན་གྱི་ཟུར་གཅིག)སུ་ཡོད་པའི་ཇུས་འདིང་གནས་སམ་ཁ་རྒྱུན་དུ་ཇི་སྡེ་གླིང་ཞེས་པའི་ཁང་ཆེན་དེར་དུས་རབས་བཅུ་བདུན་པའི་ནང་སྡེ་སྲིད་གཙང་པའི་དབང་སྒྱུར་གཏོར་ཏེ་དགའ་ལྡན་ཕོ་བྲང་པའི་སྲིད་དབང་འཛུགས་ཕྱིར་སོག་པོའི་དཔུང་དམག་བོད་དུ་བསྐོངས་རྒྱུའི་ཆེད་དགའ་ལྡན་ཕོ་བྲང་པའི་ཕྱག་མཛོད་བསོད་ནམས་རབ་བརྟན་དང་སྐྱིད་ཤོད་པ་སོགས་ནས་ཇུས་འདོན་གྲོས་མོལ་བྱས་པར་ཕྱིས་གྲུབ་འབྲས་ཆེན་པོ་ཐོབ་སྟངས་ཁང་མིང་དུ་ཇུས་འདིང་གནས་ཞེས་མིང་ཐོགས། ཁང་ཆེན་དེའི་བྱང་སྒོའི་འགྲམ་དུ་དར་ཆེན་ཞིག་ཡོད་པ་དེར་ཇུས་ཡག་དར་ཆེན་ཟེར།
- language:
- Tibetan
2. Thupten Phuntsok Dictionary
(ཇི་སྡེ་གླིང) ལྷ་སའི་གཙུག་ལག་ཁང་ནས་རྩིས་པའི་ལྷོ་ནུབ་མཚམས (དེང་སྐབས་ཐང་ཆེན་གྱི་ཟུར་གཅིག) སུ་ཡོད་པའི་ཇུས་འདིང་གནས་སམ་ཁ་རྒྱུན་དུ་ཇི་སྡེ་གླིང་ཞེས་པའི་ཁང་ཆེན་དེར་དུས་རབས་བཅུ་བདུན་པའི་ནང་སྡེ་སྲིད་གཙང་པའི་དབང་སྒྱུར་གཏོར་ཏེ་དགའ་ལྡན་ཕོ་བྲང་པའི་སྲིད་དབང་འཛུགས་ཕྱིར་སོག་པོའི་དཔུང་དམག་བོད་དུ་བསྐོངས་རྒྱུའི་ཆེད་དགའ་ལྡན་ཕོ་བྲང་བའི་ཕྱག་མཛོད་བསོད་ནམས་རབ་བརྟན་དང་སྐྱིད་ཤོད་པ་སོགས་ནས་ཇུས་འདོན་གྲོས་མོལ་བྱས་པར་ཕྱིས་གྲུབ་འབྲས་ཆེན་པོ་ཐོབ་སྟབས་ཁང་མིང་དུ་ཇུས་འདིང་གནས་ཞེས་མིང་ཐོགས། ཁང་ཆེན་དེའི་བྱང་སྒོའི་འགྲམ་དུ་དར་ཆེན་ཞིག་ཡོད་པ་དེར་ཇུས་ཡག་དར་ཆེན་ཟེར།
- language:
- Tibetan