- jo nang kun spangs thugs rje brtson 'grus
- ID:
- T230428
- ཇོ་ནང་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས (Tibetan, Tibetan script, Original)
- > jo nang kun spangs thugs rje brtson 'grus (Tibetan, Latin script, Transliteration-THL Extended Wylie Transliteration)
- > jo nang künpang tukjé tsöndrü (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ཡུ་མོ་མི་སྐྱོད་རྡོ་རྗེའི་སློབ་བརྒྱུད་འདི་ཉིད་རབ་བྱུང་བཞི་པའི་ཆུ་ཡོས(༡༢༤༣)ལོར་ལ་སྟོད་བྱང་གི་ངབ་ཕྱར་སྤང་སྒང་དུ་སྐུ་འཁྲུངས། བར་པ་འཇམ་དབྱངས་བཞི་ཐོག་པ་རིན་ཆེན་རྒྱལ་མཚན་ལ་ལམ་འབྲས་གསན། གཞོན་ནུའི་དུས་སུ་སྡེ་སྣོད་མང་པོ་ལ་མཁས་པར་སྦྱངས། རྐྱང་འདུར་གྱི་ཆོས་གྲྭར་དགེ་འདུན་མང་དུ་བསྐྱངས། རྩོད་པ་ཡང་ཤིན་ཏུ་བཟང་། ཀུན་མཁྱེན་ཆོས་སྐུ་འོད་ཟེར་བ་ལས་དུས་འཁོར་གྱི་བཤད་པ་རྫོགས་པར་གསན། རྐྱང་འདུར་དུ་འཆད་ཉན་ཡང་མཛད། མན་ངག་ཞུས་ནས་སྒོམ་པའི་ཚེ་ཏིང་ངེ་འཛིན་མང་པོའི་སྒོ་ཕྱེ། སྐབས་ཤིག་སྙུན་ཆེ་བཞེས་པས་འཆད་ཉན་གྱི་སྤྲོས་པ་དོར་ཏེ་སྒོམ་པ་ལ་གཞོལ་བས་ཀུན་སྤངས་པར་གྲགས། བོད་ན་སྦྱོར་དྲུག་མི་འདྲ་བ་ཡོད་དོ་ཅོག་ལ་གསན་པ་མཛད། བྱང་གི་རི་རྒྱུད་རྣམས་སུ་སྒོམ་སྒྲུབ་ལ་གཞོལ་བའི་ཚེ་ཐུགས་དམ་གྱི་སྟོབས་ཀྱིས་མི་མ་ཡིན་པ་མང་པོ་དབང་དུ་འདུས། གཙང་གི་ལྷ་རྩེ་རྫོང་ཁོངས་ཇོ་ནང་དུ་དགོན་པ་ཕྱག་བཏབ། བཤད་པ་དང་གདམས་པ་གཉིས་ཀའི་སློབ་མ་མང་དུ་བསྐྱངས། དེ་དག་གི་ནང་ནས་བྱང་སེམས་རྒྱལ་བ་ཡེ་ཤེས། ལ་སྟོད་པ་དབང་རྒྱལ། མུན་མེ་བྲག་ཁ་བ། སྲོན་པ་ཀུན་རྒྱལ་རྣམས་ལ་ཀུན་སྤངས་བའི་བུ་བཞིར་གྲགས། མཐར་རབ་བྱུང་ལྔ་པའི་ཆུ་གླང(༡༣༡༣)ལོར་དགོངས་པ་གཞན་དོན་དུ་གཤེགས།
- language:
- Tibetan
2. Thupten Phuntsok Dictionary
ཡུ་མོ་མི་བསྐྱོད་རྡོ་རྗེའི་སློབ་བརྒྱུད་འདི་ཉིད་རབ་བྱུང་བཞི་པའི་ཆུ་ཡོས (༡༢༤༣) ལོར་ལ་སྟོད་བྱང་གི་ངབ་ཕྱར་སྤང་སྒང་དུ་སྐུ་འཁྲུངས། བར་པ་འཇམ་དབྱངས་བཞི་ཐོག་པ་རིན་ཆེན་རྒྱལ་མཚན་ལས་ལམ་འབྲས་གསན། གཞོན་ནུའི་དུས་སུ་སྡེ་སྣོད་མང་པོ་ལ་མཁས་པར་སྦྱངས། རྐྱང་འདུར་གྱི་ཆོས་གྲྭར་དགེ་འདུན་མང་དུ་བསྐྱངས། རྩོད་པ་ཡང་ཤིན་ཏུ་བཟང་། ཀུན་མཁྱེན་ཆོས་སྐུ་འོད་ཟེར་བ་ལས་དུས་འཁོར་གྱི་བཤད་པ་རྫོགས་པར་གསན། རྐྱང་འདུར་དུ་འཆད་ཉན་ཡང་མཛད། མན་ངག་ཞུས་ནས་སྒོམ་པའི་ཚེ་ཏིང་ངེ་འཛིན་མང་པོའི་སྒོ་བྱེ། སྐབས་ཤིག་སྙུན་ཆེ་བཞེས་པས་འཆད་ཉན་གྱི་སྤྲོས་པ་དོར་ཏེ་སྒོམ་པ་ལ་གཞོལ་བས་ཀུན་སྤངས་པར་གྲགས། བོད་ན་སྦྱོར་དྲུག་མི་འདྲ་བ་ཡོད་དོ་ཅོག་ལ་གསན་པ་མཛད། བྱང་གི་རི་རྒྱུད་རྣམས་སུ་སྒོམ་སྒྲུབ་ལ་གཞོལ་བའི་ཚེ་ཐུགས་དམ་གྱི་སྟོབས་ཀྱིས་མི་མ་ཡིན་པ་མང་པོ་དབང་དུ་འདུས། གཙང་གི་ལྷ་རྩེ་རྫོང་ཁོངས་ཇོ་ནང་དུ་དགོན་པ་ཕྱག་བཏབ། བཤད་པ་དང་གདམས་པ་གཉིས་ཀའི་སློབ་མ་མང་དུ་བསྐྱངས། དེ་དག་གི་ནང་ནས་བྱང་སེམས་རྒྱལ་བ་ཡེ་ཤེས། ལ་སྟོད་པ་དབང་རྒྱལ། མུན་མེ་བྲག་ཁ་བ། སྲོན་པ་ཀུན་རྒྱལ་རྣམས་ལ་ཀུན་སྤངས་བའི་བུ་བཞིར་གྲགས། མཐར་རབ་བྱུང་ལྔ་པའི་ཆུ་གླང (༡༣༡༣) ལོར་དགོངས་པ་གཞན་དོན་དུ་གཤེགས།
- language:
- Tibetan