Skip to main content Skip to search
jo nang phyogs las rnam rgyal
ID:
T230430
  • ཇོ་ནང་ཕྱོགས་ལས་རྣམ་རྒྱལ (Tibetan, Tibetan script, Original)
    • > jo nang phyogs las rnam rgyal (Tibetan, Latin script, Transliteration-THL Extended Wylie Transliteration)
    • > jo nang chok lé namgyal (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

དོལ་པོ་བ་ཤེས་རབ་རྒྱལ་མཚན་གྱི་སློབ་མ་འདི་ཉིད་རབ་བྱུང་ལྔ་པའི་མེ་རྟ(༡༣༠༦)ལོར་མངའ་རིས་དོལ་པོའི་སའི་ཆར་འཁྲུངས། སྐུ་གཞོན་ནུ་ནས་དབུས་སུ་བྱོན་ཏེ་ཆོས་འཁོར་གླིང་དུ་ཕར་ཚད་ལ་སོགས་པའི་མཚན་ཉིད་ཀྱི་སྡེ་སྣོད་ལ་སྦྱངས་པས་མཁས་པ་ཆེན་པོར་གྱུར། དབུས་གཙང་གཉིས་ཀར་གྲྭ་སྐོར་མཛད། དེ་ནས་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་དང་མཇལ་བས་ཤིན་ཏུ་དད་དེ་ཇོ་ནང་དུ་ཕེབས། ཀུན་མཁྱེན་ཆེན་པོའི་དྲུང་དུ་དུས་ཀྱི་འཁོར་ལོའི་དབང་བརྒྱུད་བཤད་པ་མན་ངག་དང་བཅས་ཟབ་ཆོས་གཞན་མང་དུ་གསན། མན་ངག་ཉམས་སུ་བཞེས་པས་ཏིང་ངེ་འཛིན་བཟང་པོ་འཁྲུངས། བྱང་བདག་ཆེན་ཏྭ་དབེན་ནམ་མཁའ་བརྟན་པས། ཀུན་མཁྱེན་དཔོན་སློབ་གཉིས་མངའ་རིས་སུ་སྤྱན་དྲངས། ཕྱོགས་ལས་རྣམ་རྒྱལ་བས་ངམ་རིང་ཆོས་སྡེའི་བླ་བྲང། འདུ་ཁང་རྙིང་པ། ཤར་ནུབ་ཀྱི་གྲྭ་ཤག་ལ་སོགས་པ་བཏབ། ཀུན་མཁྱེན་ཆེན་པོའི་བཀའ་བཞིན་ཕར་ཚད་གཙོ་བོར་གྱུར་པའི་སྡེ་སྣོད་ཀྱི་བཤད་པ་ཡུན་རིང་དུ་མཛད། དེ་ནས་གདན་ས་མཁན་ཆེན་བསྟན་རྒྱལ་བ་ལ་གཏད་དེ། དགོང་ལོ་ཞེ་དགུ་ལ་ཕེབས་པ་རབ་བྱུང་དྲུག་པའི་ཤིང་རྟ(༡༣༥༤)ལོར་ཇོ་ནང་གི་གདན་སར་ཕེབས། ལོ་ལྔ་ནས་དེ་ཡང་གཏད་ནས་དབུས་སུ་ཕེབས། འཚལ་དབུས་གླིང་དུ་དུས་ཀྱི་འཁོར་ལོའི་དབང་རྒྱུད་བཤད་མན་ངག་གི་ཁྲིད་རྣམས་སློབ་མའི་སྡེ་ཆེན་པོར་གསུངས། དེ་ནས་ཡར་ཀླུང་ཕྱོགས་ལ་ཕེབས། ལོ་ཙཱ་བ་བྱང་ཆུབ་རྩེ་མོས་དུས་ཀྱི་འཁོར་ལོའི་མཆོག་དབང་གསན། ཁྲ་འབྲུག་ལ་སོགས་པར་བཞུགས་ཏེ་གདུལ་བྱ་དཔག་མེད་ལེགས་པའི་ལམ་དུ་བཀོད། དེ་ནས་གཙང་དུ་ཕེབས་ཏེ་སེ་མཁར་ཆུང་དུ་བཞུགས། དུས་འཁོར་སོགས་ཀྱི་འཆད་ཉན་གནང་ནས། ས་ག་ལི་འགྲེམ་པ་སུམ་བརྒྱ་ཙམ་གྱི་ནང་ནས་གསོལ་ཇ་རྒྱུག་པའི་ཆོས་དཔོན་བརྒྱད་ཅུ་ཙམ་བྱུང་། དགུང་ལོ་བརྒྱད་ཅུ་གྱ་གཅིག་ལ་ཕེབས་པ་རབ་བྱུང་དྲུག་པའི་མེ་སྟག(༡༣༨༦)ལོར་ཞི་བར་གཤེགས།

language:
Tibetan

2. Thupten Phuntsok Dictionary

དོལ་པོ་བ་ཤེས་རབ་རྒྱལ་མཚན་གྱི་སློབ་མ་འདི་ཉིད་རབ་བྱུང་ལྔ་པའི་མེ་རྟ (༡༣༠༦) ལོར་མངའ་རིས་དོལ་པོའི་ས་ཆར་འཁྲུངས། སྐུ་གཞོན་ནུ་ནས་དབུས་སུ་བྱོན་ཏེ་ཆོས་འཁོར་གླིང་དུ་ཕར་ཚད་དང་མཚན་ཉིད་ལ་སོགས་པའི་སྡེ་སྣོད་ལ་སྦྱངས་པས་མཁས་པ་ཆེན་པོར་གྱུར། དབུས་གཙང་གཉིས་ཀར་གྲྭ་སྐོར་མཛད། དེ་ནས་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དང་མཇལ་བས་ཤིན་ཏུ་དད་དེ་ཇོ་ནང་དུ་ཕེབས། ཀུན་མཁྱེན་ཆེན་པོའི་དྲུང་དུ་དུས་ཀྱི་འཁོར་ལོའི་དབང་རྒྱུད་བཤད་པ་མན་ངག་དང་བཅས་ཟབ་ཆོས་གཞན་མང་དུ་གསན། མན་ངག་ཉམས་སུ་བཞེས་པས་ཏིང་ངེ་འཛིན་བཟང་པོ་འཁྲུངས། དགུང་ལོ་ཞེ་དགུ་ལ་ཕེབས་པ་རབ་བྱུང་དྲུག་པའི་ཤིང་རྟ (༡༣༥༤) ལོར་ཇོ་ནང་གི་གདན་སར་ཕེབས། ལོ་ལྔ་ནས་དེ་ཡང་གཏད་ནས་དབུས་སུ་ཕེབས། འཚལ་དབུས་གླིང་དུ་དུས་ཀྱི་འཁོར་ལོའི་དབང་རྒྱུད་བཤད་མན་ངག་གི་ཁྲིད་རྣམས་སློབ་མའི་སྡེ་ཆེན་པོར་གསུངས། དེ་ནས་གཙང་དུ་ཕེབས་ཏེ་སེ་མཁར་ཆུང་དུ་བཞུགས། དུས་འཁོར་སོགས་ཀྱི་འཆད་ཉན་གནང་ནས། ས་ག་ལི་འགྲེམ་པ་སུམ་བརྒྱ་ཙམ་གྱི་ནང་ནས་གསོལ་ཇ་རྒྱུག་པའི་ཆོས་དཔོན་བརྒྱད་ཅུ་ཙམ་བྱུང་། དགུང་ལོ་བརྒྱད་ཅུ་གྱ་གཅིག་ལ་ཕེབས་པ་རབ་བྱུང་དྲུག་པའི་མེ་སྟག (༡༣༨༦) ལོར་ཞི་བར་གཤེགས།

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་ལྔ་པའི་མེ་ཕོ་རྟ་ལོ་སྟེ་སྤྱི་ལོ 1306 ལོར་ཡུལ་མངའ་རིས་སུ་སྐུ་འཁྲུངས། རབ་བྱུང་དྲུག་པའི་མེ་ཕོ་སྟག་ལོ་སྟེ་སྤྱི་ལོ 1386 ལོར་སྐུ་གཤེགས། ཁོང་གཞོན་ནུའི་དུས་ནས་དབུས་སུ་བྱོན་ཏེ་ཆོས་འཁོར་གླིང་དུ་ཕར་ཚད་ལ་སོགས་པའི་མཚན་ཉིད་ཀྱི་སྡེ་སྣོད་ལ་སྦྱངས་པས་མཁས་པ་ཆེན་པོར་གྱུར་ཏེ་དབུས་གཙང་གཉིས་ཀར་གྲྭ་སྐོར་ཡང་མཛད། གྲྭ་སྐོར་གྱི་ཞོར་ལ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་དང་མཇལ་བས་ཤིན་ཏུ་དད་དེ་ཇོ་མོ་ནང་དུ་ཕེབས་ཤིང་དུས་ཀྱི་འཁོར་ལོའི་དབང་རྒྱུད་བཤད་པ་མན་ངག་དང་བཅས་པ་ཞུས། མན་ངག་ཉམས་སུ་བཞེས་པས་ཏིང་ངེ་འཛིན་བཟང་པོ་འཁྲུངས། ངམ་རིངས་ཀྱི་ཚེས་སྡེ་བཏབ་ཅིང་ཚོགས་པ་བསྐྱངས། ཕར་ཚད་གཙོ་བོར་གྱུར་པའི་སྡེ་སྣོད་ཀྱི་བཤད་པ་ཡུན་རིང་དུ་མཛད། སློབ་མ་བློ་གསལ་བ་ཡང་མང་དུ་འདུས། ཕྱིས་སུ་ངམ་རིངས་ཀྱི་གདན་ས་བསྟན་པའི་རྒྱལ་མཚན་ལ་གཏད་དེ། དགུང་ལོ་བཞི་བཅུ་ཞེ་དགུ་པ་རབ་བྱུང་དྲུག་པའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ 1354 ལོར་ཇོ་ནང་གི་གདན་སར་ཕེབས་ཏེ་ལོ་ངོ་ལྔའི་རིང་དུ་ཚོགས་པ་བསྐྱངས། དེ་ནས་གདན་ས་གཏད་དེ་དབུས་སུ་བྱོན། འཚལ་དབུས་གླིང་དུ་དུས་ཀྱི་འཁོར་ལོའི་དབང་རྒྱུད་བཤད་མན་ངག་གི་ཁྲིད་རྣམས་སློབ་མའི་སྡེ་ཆེན་པོ་ལ་གསུངས། དེ་ནས་ཡར་ཀླུང་ཕྱོགས་སུ་ཕེབས་ཏེ་ལོ་ཙཱ་བ་བྱང་ཆུབ་རྩེ་མོས་ཁོང་ལས་དུས་ཀྱི་འཁོར་ལོའི་མཆོག་དབང་གསན། ཁྲ་འབྲུག་ལ་སོགས་པར་བཞུགས་[609]ཏེ་གདུལ་བྱ་དཔག་ཏུ་མེད་པ་ལེགས་པའི་ལམ་ལ་བཀོད། དེ་ནས་གཙང་ལ་ཕེབས་ཏེ་སེ་མཁར་ཆུང་དུ་བཞུགས་ཤིང་སློབ་མ་མང་པོར་ཆོས་ཀྱི་སྦྱིན་པ་བཏང་ངོ་། རྗེ་ཙོང་ཁ་པ་ཆེན་པོས་ཁོང་གི་ཞབས་ལ་གཏུགས་ནས་དུས་ཀྱི་འཁོར་ལོའི་དབང་ཁྲིད་བཅས་པ་གསན། ཁོང་གིས་འགྲོ་བའི་དོན་ཆེན་ལེགས་པར་གྲུབ་ཅིང་དགུང་ལོ་བརྒྱད་ཅུ་རྩ་གཅིག་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། ཁོང་གི་སློབ་མ་མཆོག་ཏུ་གྱུར་པ་ནི་སངས་རྒྱས་རིན་ཆེན་ཡིན། ཁོང་ནི་ཇོ་ནང་དགོན་པའི་གདན་རབས་ལྔ་པ་ཡིན། ཕར་ཚད་ཀྱི་གཞུང་མང་པོ་བརྩམས་སོ།

language:
Tibetan