- jo 'ber
- ID:
- T230439
- ཇོ་འབེར (Tibetan, Tibetan script, Original)
- > jo 'ber (Tibetan, Latin script, Transliteration-THL Extended Wylie Transliteration)
- > jo ber (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(རྙིང་མ་ཇོ་འབེར)འདི་ཉིད་ཡབ་ཉི་འབུམ་གྱི་སྲས་སུ་རབ་བྱུང་གསུམ་པའི་མེ་འབྲུག(༡༡༩༦)ལོར་སྐུ་འཁྲུངས། དགུང་ལོ་བཅོ་བརྒྱད་བར་ཁུ་བོ་དང་འགྲོགས་ཤིང་གསང་བ་བླ་ན་མེད་པའི་གདམས་པ་མ་ལུས་པ་གསན། དགུང་ལོ་བཅུ་དགུ་ནས་ཉི་ཤུའི་བར་ས་སྐྱ་པཎ་ཆེན་ལས་རྒྱུད་གསུམ་གདམས་པ་དང་བཅས་པ་དང་བདེ་མཆོག་མལ་གྱོའི་ལུགས་གསན། ཆུ་མིག་པ་ལས་ཚད་མ་བསྡུས་པ་གསན། དགུང་ལོ་ཉི་ཤུ་རྩ་གཉིས་པ་ལ་ཁྲོ་ཕུ་ལོ་ཙཱ་བ་ལས་གྲུབ་ཐོབ་མི་ཏྲའི་གདམས་པ་རྣམས་དང་། བལ་པོ་གྲགས་པ་འབུམ་མེ་ལས་ཕྱག་རྒྱ་ཆེན་པོ་ཁ་འཐོར་གྱི་གདམས་པ་རྣམས་གསན་ཏེ་དགུང་ལོ་སོ་དྲུག་ལ་ཕེབས་སྐབས་ཐོས་བསམ་ཀྱི་སྤྲོས་པ་བཅད། གཟིགས་སྣང་རྣམས་ཕལ་ཆེར་མི་གསུངས། ལྷ་སར་ཇོ་བོ་ལ་མཆོད་པ་ཕུལ་དུས་འོད་ཀྱི་ཐིག་ལེའི་ནང་ནས་ཕྱག་རྡོར་དང་སྤྱན་རས་གཟིགས་མཇལ། མཐར་རབ་བྱུང་བཞི་པའི་ལྕགས་ཡོས(༡༢༣༡)ལོར་ངོ་མཚར་བའི་ལྟས་དང་བཅས་ཏེ་སྐུ་གཤེགས།
- language:
- Tibetan
2. Thupten Phuntsok Dictionary
(རྙིང་མ་ཇོ་འབེར) འདི་ཉིད་ཡབ་ཉི་འབུམ་གྱི་སྲས་སུ་རབ་བྱུང་གསུམ་པའི་མེ་འབྲུག (༡༡༩༦) ལོར་སྐུ་འཁྲུངས། དགུང་ལོ་བཅོ་བརྒྱད་བར་ཁུ་བོ་དང་འགྲོགས་ཤིང་གསང་བ་བླ་ན་མེད་པའི་གདམས་པ་མ་ལུས་པ་གསན། དགུང་ལོ་བཅུ་དགུ་ནས་ཉི་ཤུའི་བར་ས་སྐྱ་པཎ་ཆེན་ལས་རྒྱུད་གསུམ་གདམས་པ་དང་བཅས་པ་བདེ་མཆོག་མལ་གྱོའི་ལུགས་གསན། ཆུ་མིག་པ་ལས་ཚད་མ་བསྡུས་པ་གསན། དགུང་ལོ་ཉི་ཤུ་རྩ་གཉིས་པ་ལ་ཁྲོ་ཕུ་ལོ་ཙཱ་བ་ལས་གྲུབ་ཐོབ་མི་ཏྲའི་གདམས་པ་རྣམས་དང་། བལ་པོ་གྲགས་པ་འབུམ་མེ་ལས་ཕྱག་རྒྱ་ཆེན་པོ་ཁ་འཐོར་གྱི་གདམས་པ་རྣམས་གསན་ཏེ་དགུང་ལོ་སོ་དྲུག་ལ་ཕེབས་སྐབས་ཐོས་བསམ་གྱི་སྤྲོས་པ་བཅད། གཟིགས་སྣང་རྣམས་ཕལ་ཆེར་མི་གསུངས། ལྷ་སར་ཇོ་བོ་ལ་མཆོད་པ་ཕུལ་དུས་འོད་ཀྱི་ཐིག་ལེའི་ནང་ནས་ཕྱག་རྡོར་དང་སྤྱན་རས་གཟིགས་མཇལ། མཐར་རབ་བྱུང་བཞི་པའི་ལྕགས་ཡོས (༡༢༣༡) ལོར་ངོ་མཚར་བའི་ལྟས་དང་བཅས་ཏེ་སྐུ་གཤེགས།
- language:
- Tibetan