Skip to main content Skip to search
'jam mgon byams pa bsod nams bzang po
ID:
T230485
  • འཇམ་མགོན་བྱམས་པ་བསོད་ནམས་བཟང་པོ (Tibetan, Tibetan script, Original)
    • > 'jam mgon byams pa bsod nams bzang po (Tibetan, Latin script, Transliteration-THL Extended Wylie Transliteration)
    • > jam gön jampa sönam zangpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

གཙང་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་སུམ་ཅུ་པ་ཡིན། རབ་བྱུང་བཅུ་གཉིས་པའི་ས་སྦྲུལ་སྤྱི་ལོ་༡༦༨༩ལོར་གཙང་རོང་གི་གླིང་མཁར་འཁྲུངས། མཁས་བཙུན་ཀུན་དགའ་བསོད་ནམས་སོགས་ལས་སྒྲ་དང་སྙན་ངག་སོགས་རིག་གནས་སྐོར་གསན་དགུང་ལོ་ཉེར་གཅིག་པར་བྱམས་པ་ཚུལ་ཁྲིམས་དཔལ་བཟང་ལས་བསྙེན་པར་རྫོགས། ལམ་འབྲས་སོགས་ཆོས་མང་དུ་གསན། ཉེར་ལྔ་པ་ཆུ་སྦྲུལ་སྤྱི་ལོ་༡༧༡༣ལོར་ཁྲིར་ཕེབས། ལམ་འབྲས་ཚར་དགུ་སོགས་ཆོས་འཁོར་མཐའ་ཡས་པ་གསུངས། སྔ་ཕྱིར་གདན་ས་ལོ་བཅུ་གཅིག་བསྐྱངས། ཨེ་ཝཾ་རྡོ་བཅལ་ལྷ་ཁང་ཉམས་གསོ་མཛད། རེ་གཅིག་པ་རབ་བྱུང་བཅུ་གསུམ་པའི་ས་སྦྲུལ་སྤྱི་ལོ་༡༧༤༩ལོར་སྐུ་གཤེགས་སོ། །

language:
Tibetan