Skip to main content Skip to search
'jam mgon sangs rgyas dpal bzang
ID:
T230487
  • འཇམ་མགོན་སངས་རྒྱས་དཔལ་བཟང (Tibetan, Tibetan script, Original)
    • > 'jam mgon sangs rgyas dpal bzang (Tibetan, Latin script, Transliteration-THL Extended Wylie Transliteration)
    • > jam gön sangye pal zang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

གཙང་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་སོ་ལྔ་པ་ཡིན། བོད་རབ་བྱུང་བཅུ་གཉིས་པའི་ལྕགས་འབྲུག་སྤྱི་ལོ་༡༧༠༠ལོར་མདོ་ཁམས་འདན་མར་སྐུ་འཁྲུངས། སྐུ་ཆུང་ངུའི་དུས་སུ་རོག་སྐྱེ་དགོན་པར་ཞུགས་ཏེ་སློབ་གཉེར་མཛད། ངོར་དུ་ཕེབས་ནས་བྱམས་པ་བསོད་ནམས་བཟང་པོ་དང་། མཁན་ཆེན་དཔལ་ལྡན་ཆོས་སྐྱོང་སོགས་སྔ་ཕྱིར་དགེ་བའི་བཤེས་གཉེན་བཅུ་ཕྲག་གསུམ་ཙམ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་གསན་རྒྱ་ཤིན་ཏུ་ཆེ། མཁན་ཆེན་བསོད་ནམས་བཟང་པོ་ལས་བསྙེན་པར་རྫོགས། གླེ་ལུང་ཆོས་སྡེའི་མཁན་པོ་མཛད། དེ་ནས་བྱམས་པ་བསོད་ནམས་བཟང་པོའི་རྒྱལ་ཚབ་ཏུ་དགུང་ལོ་ཞེ་གཅིག་པ་ལྕགས་སྤྲེལ་སྤྱི་ལོ་༡༧༤༠ལོར་ཨེ་ཝཾ་པའི་ཁྲིར་ཕེབས་ནས་གདན་ས་ལོ་གཅིག་རིང་བསྐྱངས། ལྕགས་བྱ་སྤྱི་ལོ་༡༧༤༡ལོར་གྲིབ་སྐྱོན་ལྟ་བུའི་བསྙུང་གཞི་ཕོག་པའི་རྐྱེན་གྱིས་ཁང་གསར་མཁན་ཆེན་བསོད་ནམས་ལྷུན་གྲུབ་རང་ཉིད་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར། སྔ་ཕྱིར་ལམ་འབྲས་དང་། རྡོ་རྗེ་ཕྲེང་བ། ནི་གུ་ཆོས་དྲུག་སོགས་ཆོས་འཁོར་ཡུན་རིང་བསྐོར་བས་མཛད་པ་ཤིན་ཏུ་ཆེ། དེ་ནས་དགུང་ལོ་ཞེ་བཞི་པ་སྟེ་རབ་བྱུང་བཅུ་གཉིས་པའི་ཆུ་ཕག་སྤྱི་ལོ་༡༧༤༣ལོར་གླེ་ལུང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་མོ། འདིའི་རྣམ་ཐར་མི་འདྲ་བ་གཉིས་ཙམ་ཡོད་ཀྱང་འདི་གཉག་སྟོན་གྱི་གདན་རབས་ལྟར་བྲིས་སོ། །

language:
Tibetan