Skip to main content Skip to search
'jam mgon lhun grub dpal ldan
ID:
T230488
  • འཇམ་མགོན་ལྷུན་གྲུབ་དཔལ་ལྡན (Tibetan, Tibetan script, Original)
    • > 'jam mgon lhun grub dpal ldan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > jam gön lhündrub palden (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

གཙང་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ཉེར་བཞི་པ་ཡིན། རབ་བྱུང་བཅུ་པའི་ཤིང་བྱི་སྤྱི་ལོ་༡༦༢༤ལོར་མི་ཉག་ཏུ་འཁྲུངས། མངོན་རྟོགས་རྒྱན་སོགས་ཕར་ཕྱིན་གྱི་གཞུང་ལུགས་དུ་མ་ཐུགས་སུ་ཆུད། ཤར་ཆེན་ཤེས་རབ་འབྱུང་གནས་ལས་བསྙེན་པར་རྫོགས་ཤིང་མདོ་སྔགས་ཀྱི་གཞུང་ལུགས་མཐའ་ཡས་པ་གསན། དགུང་ལོ་སོ་བདུན་པར་ངོར་གྱི་དབུ་མཛད་དང་ཟུར་ཆེན་མཛད། དགུང་ལོ་ལྔ་བཅུ་པ་ཆུ་གླང་སྤྱི་ལོ་༡༦༧༣ལོར་ཁྲིར་ཕེབས། གདན་ས་ལོ་བཅུ་གསུམ་བསྐྱངས། དེ་ནས་ཨེ་ཝཾ་ཕན་བདེ་ཁང་གསར་དུ་བཤད་སྒྲུབ་ལ་སྐུ་ཚེ་དྲིལ། དོན་བཞི་པ་རབ་བྱུང་བཅུ་གཉིས་པའི་མེ་གླང་སྤྱི་ལོ་༡༦༩༧ལོའི་ཟླ་བ་དྲུག་པའི་ཚེས་ཉེར་བདུན་ལ་སྐུ་གཤེགས་སོ། །

language:
Tibetan