Skip to main content Skip to search
'jam dbyangs kun dga' rgyal mtshan
ID:
T230502
  • འཇམ་དབྱངས་ཀུན་དགའ་རྒྱལ་མཚན (Tibetan, Tibetan script, Original)
    • > 'jam dbyangs kun dga' rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > jamyang kün ga gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རབ་བྱུང་བཅོ་ལྔ་པའི་ཤིང་མོ་བྱ་ཡི་ལོ་སྟེ་སྤྱི་ལོ༡༨༨༥ལོར་ལི་ཐང་སྡེ་གཞུང་དཔོན་ཚང་དུ་སྐུ་འཁྲུངས། སྐུ་ན་ཆུང་ངུའི་དུས་ནས་དམ་པའི་རིགས་སད་ཅིང་གཟིམ་འོག་མཆོག་སྤྲུལ་བྱམས་པ་བསྟན་འཛིན་སྙན་གྲགས་ཀྱི་རྣམ་སྤྲུལ་ཏུ་ངོས་བཟུང་། འཇམ་དབྱངས་བློ་གཏེར་དབང་པོའི་ཞལ་སྔ་ནས། གསུང་ངག་ལམ་འབྲས་། རྒྱུད་སྡེ་དང་སྒྲུབ་བཏུས་གཙོས་སྨིན་གྲོལ་རྒྱ་མཚོས་རྒྱུད་པར་མཛད། ཁྱད་པར་དུ་འགྲན་ཟླ་ཀུན་བྲལ་གྱི་རྩ་བའི་བླ་མ་སྒ་སྟོད་རྡོ་རྗེ་འཆང་ངག་དབང་ལེགས་པ་རིན་པོ་ཆེ་ལ་གསོལ་བ་ལན་མང་དུ་བཏབ་པས་སྡོམ་པ་གསུམ་གྱི་བཀའ་དྲིན་ནོས། གསུང་ངག་རིན་པོ་ཆེ་ལམ་འབྲས་སོགས་དཔལ་ལྡན་ས་སྐྱ་པའི་སྙན་བརྒྱུད་ཚད་མ་བཞི་ལྡན་ཡོངས་སུ་རྫོགས་པ་བུམ་པ་གང་བྱོའི་ཚུལ་དུ་བཞེས། རོང་ཁོག་བཞག་ས་ཟེར་བའི་ས་ཆ་དེར་བཞུགས་ནས་གསང་སྔགས་ལམ་གྱི་རྩ་བ་ལམ་ཟབ་བླ་མའི་ཉམས་ལེན་ལ་ཆིག་བསྒྲིལ་མཛད་དེ། ལྷ་མོ་དབྱངས་ཅན་དམར་མོ་དང་། བསྟན་སྲུང་རྡོ་རྗེ་གུར་ཀྱི་མགོན་པོ་སོགས་ཡི་དམ་ལྷག་པའི་ལྷ་དུ་མའི་རྗེས་སུ་བཟུང་ཞིང་གྲུབ་པའི་རྟགས་མཚན་དུ་མ་མངོན་དུ་གྱུར། དད་ལྡན་སློབ་མ་རྣམས་ཀྱིས་གསོལ་བ་བཏབ་ངོར། སྐུ་ཚེ་སྨད་དུ་གཞུང་ལུགས་དུ་མའི་འཆད་སྤེལ་དང་། དབང་གདམས་ངག་ཀྱང་དུ་མ་བརྩལ་ཞིང་། ཁྱད་པར་སྒ་སྐྱེ་རྒུ་དགོན་གྱི་མཁན་པོ་ཕྲིན་ལས་ཆོས་འཕེལ་ལོ་དུ་མར་ཞབས་དྲུང་དུ་བཞུགས་པ་ལ། བླ་མ་གཞན་དགའ་རིན་པོ་ཆེ་ལས་གཞུང་ཉི་ཤུ་རྩ་བརྒྱད་གསན་བསམ་མཛད་པ་ཐམས་ཅད་བླ་མ་དམ་པའི་ཐུགས་དགོངས་རྫོགས་པའི་མཆོད་པ་ཡིན་གསུངས་ཏེ། འཆད་ཉན་རྫོགས་པ་གནང་གྲུབ་པས་སྐལ་བ་བཟང་པོར་གྱུར། མཐར་དགུང་གྲངས་དྲུག་ཅུ་རེ་བརྒྱད་པ་བོད་རབ་བྱུང་བཅུ་དྲུག་པའི་ཆུ་ཕོ་འབྲུག་གི་ལོ་སྟེ་སྤྱི་ལོ༡༩༥༢ལོར་སྐུ་གཤེགས།

language:
Tibetan