Skip to main content Skip to search
'jam dbyangs kun dga' chos bzang
ID:
T230503
  • འཇམ་དབྱངས་ཀུན་དགའ་ཆོས་བཟང (Tibetan, Tibetan script, Original)
    • > 'jam dbyangs kun dga' chos bzang (Tibetan, Latin script, Transliteration-THL Extended Wylie Transliteration)
    • > jamyang kün ga chö zang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རྗེ་འདི་ཉིད་རབ་བྱུང་བདུན་པའི་ཆུ་གླང(༡༤༣༣)ལོར་གློ་བོ་འབྲོག་གསེབ་ཏུ་སྐུ་བལྟམས། དགུང་ལོ་བཅུ་པ་ལ་བྲག་དཀར་གྲགས་རྒྱལ་བ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས། དགུང་ལོ་བཅོ་བརྒྱད་པ་ལ་གློ་བོ་བདག་པོས་ས་སྐྱར་གྲྭ་བསྐོར་དང་དབུས་གཙང་དུ་སློབ་གཉེར་བ་བརྒྱ་ཕྲག་གསུམ་ཙམ་རྫོང་བརྡ་གནང་བའི་སྐབས་སུ་རྗེ་འདི་ཉིད་ས་སྐྱར་བྱོན་པས་བློ་གྲོས་གཞོན་ནུའི་བཤད་གསར་དང་། ངོར་དུ་རྗེ་བཙུན་རྡོ་རྗེ་འཆང་དང་མཇལ། ཆོས་མང་དུ་གསན། དགུང་ལོ་བཅུ་དགུ་པ་ལ་ཨེ་ཝཾ་ཆོས་ལྡན་དུ་རྡོ་རྗེ་འཆང་གིས་མཁན་པོ། བྲག་དཀར་སེམས་དཔའ་ཆེན་པོ་ཁ་ཆར་བས་སློབ་དཔོན། གཅུང་གཞོན་ནུ་སེང་གེས་དུས་གོ་བ་མཛད་དེ་རབ་ཏུ་བྱུང་། དགུང་ལོ་ཉི་ཤུ་པ་ལ་བྱམས་ཆེན་རབ་བྱམས་པ་བསྟེན་ནས་མདོ་སྔགས་ཀྱི་ཟབ་བཅུད་ཚིམ་པར་རོལ། དགུང་ལོ་སུམ་ཅུ་པ་ལ་བྱམས་ཆེན་རབ་འབྱམས་ཆོས་རྗེ་དང་གོ་རམས་ཆོས་རྗེ་མཁན་སློབ་ལས་བསྙེན་པར་རྫོགས། དགུང་གྲངས་སོ་བཞི་པ་ནས་པཎ་ཆེན་འབུམ་པ་གཉིས་ཀྱི་ཟུར་འཆད་གནང་། རྒྱལ་བའི་བསྟན་པ་རིན་པོ་ཆེ་རྒྱས་པར་མཛད། དགུང་གྲངས་ང་བཞི་པ་ནས་སྐྱེས་མོས་ཚལ་གྱི་གདན་སེང་གེའི་ཁྲི་ལ་ཞབས་སོར་བཀོད་ནས་ཞི་བར་མ་གཤེགས་བར་དུ་མདོ་སྔགས་ཀྱི་བསྟན་པ་བསྐྱངས། ཐུགས་སྲས་མང་དུ་བྱོན་ཞིང་། སློབ་མ་པཎ་ཆེན་དངོས་གྲུབ་དཔལ་འབར་གྱིས་ཆོས་འཁོར་ལྷུན་པོ་བཏབ། ལྷ་དབང་བློ་གྲོས་ཀྱིས་གཞའ་རི་དགོན་གསར་བཏབ། མཐར་དགུང་གྲངས་དོན་གཅིག་ལ་ཕེབས་པ་རབ་བྱུང་བརྒྱད་པའི་ཆུ་ཕག(༡༥༠༣)ལོར་གཤེགས།

language:
Tibetan

2. Thupten Phuntsok Dictionary

རྗེ་འདི་ཉིད་རབ་བྱུང་བདུན་པའི་ཆུ་གླང (༡༤༣༣) ལོར་གློ་བོ་འབྲོག་གསེབ་ཏུ་སྐུ་བལྟམས། དགུང་ལོ་བཅུ་པ་ལ་བྲག་དཀར་གྲགས་རྒྱལ་བ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས། དགུང་ལོ་བཅོ་བརྒྱད་པ་ལས་གློ་བོ་བདག་པོས་ས་སྐྱར་གྲྭ་བསྐོར་དང་དབུས་གཙང་དུ་སློབ་གཉེར་བ་བརྒྱ་ཕྲག་གསུམ་ཙམ་རྫོང་བརྡ་གནང་བའི་སྐབས་སུ་རྗེ་འདི་ཉིད་ས་སྐྱར་བྱོན་པས་བློ་གྲོས་གཞོན་ནུའི་བཤད་གསར་དང་། ངོར་དུ་རྗེ་བཙུན་རྡོ་རྗེ་འཆང་དང་མཇལ། ཆོས་མང་དུ་གསན། དགུང་ལོ་བཅུ་དགུ་པ་ལ་ཨེ་ཝཾ་ཆོས་ལྡན་དུ་རྡོ་རྗེ་འཆང་གིས་མཁན་པོ། བྲག་དཀར་སེམས་དཔའ་ཆེན་པོ་ཁ་ཆར་བས་སློབ་དཔོན། གཅུང་གཞོན་ནུ་སེང་གེས་དུས་གོ་བ་མཛད་དེ་རབ་ཏུ་བྱུང་། དགུང་ལོ་ཉི་ཤུ་པ་ལ་བྱམས་ཆེན་རབ་འབྱམས་པ་བསྟེན་ནས་མདོ་སྔགས་ཀྱི་ཟབ་བཅུད་ཚིམ་བར་རོལ། དགུང་ལོ་སུམ་ཅུ་པ་ལ་བྱམས་ཆེན་རབ་འབྱམས་ཆོས་རྗེ་དང་གོ་རམས་ཆོས་རྗེ་མཁན་སློབ་ལས་བསྙེན་པར་རྫོགས། དགུང་གྲངས་སོ་བཞི་པ་ནས་པཎ་ཆེན་འབུམ་པ་གཉིས་ཀྱི་ཟུར་འཆད་གནང་། རྒྱལ་བའི་བསྟན་པ་རིན་པོ་ཆེ་རྒྱས་པར་མཛད། དགུང་གྲངས་ང་བཞི་པ་ནས་སྐྱེད་མོས་ཚལ་གྱི་གདན་སེང་གེའི་ཁྲི་ལ་ཞབས་སོར་བཀོད་ནས་ཞི་བར་མ་གཤེགས་བར་དུ་མདོ་སྔགས་ཀྱི་བསྟན་པ་བསྐྱངས། ཐུགས་སྲས་མང་དུ་བྱོན་ཞིང་། སློབ་མ་པཎ་ཆེན་དངོས་གྲུབ་དཔལ་འབར་གྱིས་ཆོས་འཁོར་ལྷུན་པོ་བཏབ། ལྷ་དབང་བློ་གྲོས་ཀྱིས་གཞའ་རི་དགོན་གསར་བཏབ། མཐར་དགུང་གྲངས་དོན་གཅིག་ལ་ཕེབས་པར་རབ་བྱུང་བརྒྱད་པའི་ཆུ་ཕག (༡༥༠༣) ལོར་ཞི་བར་གཤེགས།

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བདུན་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ 1433 ལོར་གློ་བོ་འབྲོག་གསེབ་ཏུ་སྐུ་འཁྲུངས། རབ་བྱུང་བརྒྱད་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ 1503 ལོར་སྐུ་གཤེགས། ཁོང་དགུང་ལོ་བཅུ་པར་བྲག་དཀར་གྲགས་པ་རྒྱལ་མཚན་ལས་དགེ་བསྙེན་གྱི་སྡོམ་པ་མནོས་ཤིང་སུམ་རྟགས་དག་གསུམ་དང་འདོན་ཆོས་བཅས་ལ་བྱང་བར་མཛད། དགུང་ལོ་བཅོ་བརྒྱད་པར་དཔལ་ལྡན་ས་སྐྱར་ཕེབས་ཏེ་བླ་མ་བློ་གྲོས་གཞོན་ནུ་ལས་གསུང་ངག་སོགས་ཀྱི་ཆོས་སྐོར་གསན། དགུང་ལོ་བཅུ་དགུ་པར་ངོར་པར་བྱོན་ནས་ངོར་ཆེན་ཀུན་དགའ་བཟང་པོ་དང་། བྲག་དཀར་ཁ་ཆར་བ། གཅུང་གཞོན་ནུ་སེང་གེ་གསུམ་ལས་རབ་བྱུང་བསྒྲུབས་ཤིང་བཀའ་གསན། དེ་ནས་ཆོས་གྲྭ་ཆེན་པོ་འབྲས་ཡུལ་སྐྱེད་ཚལ་དུ་ཕེབས་ཏེ་བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ་གྱི་ཞབས་ལ་གཏུགས་ཤིང་མདོ་སྔགས་ཆོས་ཀྱི་ཟབ་བཅུད་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གསན་པར་མཛད། དགུང་ལོ་སུམ་ཅུ་ཐམ་པར་བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ་དང་། གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེ་གཉིས་ལས་བསྙེན་པར་རྫོགས། དགུང་ལོ་སོ་བཞི་པར་ཟུར་འཆད་མཛད། དགུང་ལོ་ལྔ་བཅུ་རྩ་བཞི་པར་སྐྱེད་མོས་ཚལ་གྱི་གདན་སའི་[631]ཁྲི་ལ་བཞུགས་ནས་ལོ་བཅུ་དགུའི་རིང་དུ་གདན་ས་བསྐྱངས་ཤིང་མདོ་སྔགས་ཆོས་ཀྱི་འཆད་ཉན་སྤེལ། དགུང་ལོ་དོན་གཅིག་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་མཚན་གཞན་ལ་སྐྱེད་ཚལ་མཁན་པོ་འཇམ་དབྱངས་ཀུན་དགའ་ཆོས་བཟང་ཞེས་ཞུའོ། །ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཆོས་འཁོར་ལྷུན་པོ་འདེབས་མཁན་པཎ་ཆེན་དངོས་གྲུབ་དཔལ་འབར་དང་། གཞའ་རི་དགོན་གསར་འདེབས་མཁན་ལྷ་དབང་བློ་གྲོས་བཅས་མང་དུ་བྱོན་ནོ།།

language:
Tibetan