Skip to main content Skip to search
'jam dbyangs kun dga' bsod nams grags pa rgyal mtshan
ID:
T230504
  • འཇམ་དབྱངས་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན (Tibetan, Tibetan script, Original)
    • > 'jam dbyangs kun dga' bsod nams grags pa rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > jamyang kün ga sönam drakpa gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

དཔལ་ལྡན་ས་སྐྱ་དགོན་པའི་ཁྲི་པ་ཉེར་གཅིག་པ་ས་ལོ་ཙཱ་ཆེན་པོ་ཡང་ཞུ་བ་འདི་ཉིད་རབ་བྱུང་བདུན་པའི་ཤིང་སྦྲུལ(༡༤༢༥)ལོར་ཡབ་ནམ་མཁའ་བཀྲ་ཤིས་རྒྱལ་མཚན་དང་ཡུམ་ཧོར་མོ་དམའ་ཟེ་བཟའ་མ་ཅིག་ཚེ་བརྟན་གཉིས་ཀྱི་སྲས་སུ་རྩེ་གདོང་དུ་སྐུ་འཁྲུངས། དགུང་ལོ་བཅུ་གཅིག་པ་ཤིང་ཡོས(༡༤༣༥)ལོར་མཁན་ཆེན་བསོད་ནམས་ལྷུན་གྲུབ་ལེགས་པའི་འབྱུང་གནས་རྒྱལ་མཚན་དཔལ་བཟང་པོའི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་བཞེས་ནས་རབ་ཏུ་བྱུང་བའི་བརྟུལ་ཞུགས་ལ་གནས་པར་མཛད། ལོ་དེར་ཨེ་ཝཾ་ཆོས་སྡེར་རྡོ་རྗེ་འཆང་དཀོན་མཆོག་འཕེལ་བས་མཁན་པོ་དང་ཆོས་རྗེ་གློ་བོ་མཁན་ཆེན་པས་སློབ་དཔོན་མཛད་དེ་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་འཇམ་དབྱངས་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོར་གསོལ། དགུང་གྲངས་བཅུ་གཉིས་པ་རབ་བྱུང་བདུན་པའི་མེ་འབྲུག(༡༤༣༦)ལོར་ས་སྐྱའི་གདན་ཁྲིར་ཕེབས། དགུང་ལོ་བཅུ་བཞི་པ་ས་རྟ(༡༤༣༨)ལོར་གཞི་ཐོག་གི་གདན་ས་མཛད་དེ་བསྟན་པའི་བདག་པོར་མངའ་གསོལ། དགུང་གྲངས་ཉི་ཤུ་པ་ཤིང་བྱི(༡༤༤༤)ལོར་རྡོ་རྗེ་འཆང་དཀོན་མཆོག་འཕེལ་བས་མཁན་པོ་དང་། འཇམ་དབྱངས་སངས་རྒྱས་རིན་ཆེན་དཔལ་བཟང་པོས་ལས་སློབ། ར་སྟོན་ཡོན་ཏན་འབྱུང་གནས་ཀྱིས་གསང་སྟོན་པ་མཛད་དེ་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས། མཁན་ཆེན་དཀོན་མཆོག་འཕེལ་བ་དང་། མུས་པ་སངས་རྒྱས་རིན་ཆེན། ཞ་ལུ་ལོ་ཙཱ་བ་རིན་ཆེན་ཆོས་སྐྱོང་བཟང་པོ་སོགས་ལས་བདེ་ཀྱེེ་དུས་འཁོར་རྒྱུད་སྡེ་ཆེན་པོ་རྣམས་ཀྱི་དབང་བཀའ་མན་ངག་སོགས་མདོ་སྔགས་རིག་གནས་དང་བཅས་པ་ལ་གསན་བསམ་མཐར་ཕྱིན་པ་མཛད། མཁས་ཤིང་གྲུབ་པ་རྙེད་པའི་སློབ་མ་ཧ་ཅང་མང་པོ་བྱོན། དགུང་ལོ་ཞེ་དགུ་པ་རབ་བྱུང་བརྒྱད་པའི་ཆུ་སྦྲུལ(༡༤༧༣)ལོར་སྐུ་གཤེགས།

language:
Tibetan

2. Thupten Phuntsok Dictionary

དཔལ་ལྡན་ས་སྐྱ་དགོན་པའི་ཁྲི་པ་ཉེར་གཅིག་པ་ས་ལོ་ཙཱ་བ་ཆེན་པོ་ཡང་ཞུ་བ་འདི་ཉིད་རབ་བྱུང་བདུན་པའི་ཤིང་སྦྲུལ (༡༤༢༥) ལོར་ཡབ་ནམ་མཁའ་བཀྲ་ཤིས་རྒྱལ་མཚན་དང་ཡུམ་ཧོར་མོ་དམའ་ཟེ་བཟའ་མ་ཅིག་ཚེ་བརྟན་གཉིས་ཀྱི་སྲས་སུ་རྩེ་གདོང་དུ་སྐུ་འཁྲུངས། དགུང་ལོ་བཅུ་གཅིག་པ་ཤིང་ཡོས (༡༤༣༥) ལོར་མཁན་ཆེན་བསོད་ནམས་བཟང་པོའི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་བཞེས་ནས་རབ་ཏུ་བྱུང་བའི་བརྟུལ་ཞུགས་ལ་གནས་པར་མཛད། ལོ་དེར་ཨེ་ཝཾ་ཆོས་སྡེར་རྡོ་རྗེ་འཆང་དཀོན་མཆོག་འཕེལ་བས་མཁན་པོ་དང་ཆོས་རྗེ་གློ་བོ་མཁན་ཆེན་པས་སློབ་དཔོན་མཛད་དེ་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་འཇམ་དབྱངས་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོར་གསོལ། གསན་བསམ་ཐར་ཕྱིན་པ་མཛད། མཁས་ཤིང་གྲུབ་པ་རྙེད་པའི་སློབ་མ་ཧ་ཅང་མང་པོ་བྱོན། དགུང་ལོ་ཞེ་དགུ་པ་རབ་བྱུང་བརྒྱད་པའི་ཆུ་སྦྲུལ (༡༤༧༣) ལོར་སྐུ་གཤེགས།

language:
Tibetan