Skip to main content Skip to search
'jam dbyangs don yod rgyal mtshan
ID:
T230510
  • འཇམ་དབྱངས་དོན་ཡོད་རྒྱལ་མཚན (Tibetan, Tibetan script, Original)
    • > 'jam dbyangs don yod rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > jamyang dön yö gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ས་སྐྱའི་ཁྲི་པ་བཅུ་གཉིས་པ་རིན་ཆེན་སྒང་པ་འཇམ་དབྱངས་དོན་ཡོད་རྒྱལ་མཚན་ནི་རབ་བྱུང་ལྔ་པའི་ལྕགས་ཁྱི(༡༣༡༠)ལོར་ཡབ་བདག་ཆེན་བཟང་པོ་དཔལ་དང་ཡུམ་མ་གཅིག་གཞོན་ནུ་འབུམ་གྱི་སྲས་སུ་སྐུ་འཁྲུངས། སྐུ་ཆུང་ངུ་ནས་ཡི་གེ་འབྲི་ཀློག་སྦྱངས་པས་ཚེགས་མེད་དུ་མཁྱེན། དེ་ནས་དཔང་ལོ་བློ་གྲོས་བརྟན་པ་དང་། ཆོས་རྗེ་ན་བཟའ་བ་བསོད་ནམས་དཔལ། རྒྱལ་སྲས་ཐོགས་མེད་སོགས་དགེ་བའི་བཤེས་གཉེན་དུ་མའི་ཞབས་ལ་གཏུགས་ནས་མདོ་སྔགས་ལ་མཁས་པར་སྦྱངས། གཞི་ཐོག་མཁས་བཙུན་ཆེན་པོས་སྐུལ་མ་གནང་བ་བཞིན་ཚོགས་ཆེན་མོར་རྣམ་འགྲེལ་དང་རིག་གཏེར་སོགས་ཉིན་རེར་ཆོས་ཐུན་བདུན་རེ་ཆག་མེད་དང་། བློ་གསལ་དོན་གཉེར་ཅན་རྣམས་ལ་འདོད་ཆོས་རྒྱ་ཆེར་བསྩལ་བས་འཇམ་དཔལ་དབྱངས་ཞེས་པའི་མཚན་སྙན་བྱུང་། རིགས་སྲས་ཀྱང་འགའ་ཞིག་བསྐྲུན། དགུང་ལོ་ཉེར་གཉིས་པ་ལ་མཁན་ཆེན་བསོད་ནམས་གྲགས་པའི་དྲུང་དུ་གཅུང་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དང་ལྷན་དུ་བོ་དོང་བྱ་རྒོད་གཤོང་རྙིང་པའི་གཙུག་ཁང་དུ་བསྙེན་པར་རྫོགས། ཏཱ་དབེན་གུ་ཤཱིའི་མཚན་གསོལ། ཤེལ་གྱི་དམ་ག་ཡང་བསྩལ། དགུང་གྲངས་བཅུ་བཞི་ལ་ཕེབས་པ་རབ་བྱུང་ལྔ་པའི་ཆུ་ཕག(༡༣༢༣)ལོར་དཔལ་ལྡན་ས་སྐྱ་དགོན་གྱི་གདན་ཁྲིར་ཕེབས། དགུང་གྲངས་སོ་ལྔ་ལ་ཕེབས་པ་རབ་བྱུང་དྲུག་པའི་ཤིང་སྤྲེལ(༡༣༤༤)ལོའི་བོད་ཟླ་ལྔ་བའི་ཚེས་བཅུ་གཅིག་ཉིན་རིན་ཆེན་སྒང་བླ་བྲང་གི་གཟིམ་ཁང་གོང་མར་སྐུ་གཤེགས།

language:
Tibetan

2. Thupten Phuntsok Dictionary

ས་སྐྱའི་ཁྲི་པ་བཅུ་གཉིས་པ་རིན་ཆེན་སྒང་པ་འཇམ་དབྱངས་དོན་ཡོད་རྒྱལ་མཚན་ནི་རབ་བྱུང་ལྔ་པའི་ལྕགས་ཁྱི (༡༣༡༠) ལོར་ཡབ་བདག་ཆེན་བཟང་པོ་དཔལ་དང་། ཡུམ་ཅིག་གཞོན་ནུ་འབུམ་གྱི་སྲས་སུ་སྐུ་འཁྲུངས། སྐུ་ཆུང་ངུ་ནས་ཡི་གེ་ཀློག་སྦྱངས་པས་ཚེགས་མེད་དུ་མཁྱེན། དེ་ནས་དཔང་ལོ་བློ་གྲོས་བརྟན་པ་དང་། ཆོས་རྗེ་ན་བཟའ་བ་བསོད་ནམས་དཔལ། རྒྱལ་སྲས་ཐོགས་མེད་སོགས་དགེ་བའི་བཤེས་གཉེན་དུ་མའི་ཞབས་ལ་གཏུགས་ནས་མདོ་སྔགས་ལ་མཁས་པར་སྦྱངས། གཞི་ཐོག་མཁས་བཙུན་ཆེན་པོས་སྐུལ་མ་གནང་བ་བཞིན་ཚོགས་ཆེན་མོར་རྣམ་འགྲེལ་དང་རིག་གཏེར་སོགས་ཉིན་རེར་ཆོས་མཐུན་བདུན་རེ་ཆག་མེད་དང་། ཏཱ་དབེན་གུ་ཤྲཱིའི་མཚན་གསོལ། ཤེལ་གྱི་དམ་ག་ཡང་བསྩལ། དགུང་གྲངས་བཅུ་བཞི་ལ་ཕེབས་པ་རབ་བྱུང་ལྔ་པའི་ཆུ་ཕག (༡༣༢༣) ལོར་དཔལ་ལྡན་ས་སྐྱ་དགོན་གྱི་གདན་ཁྲིར་ཕེབས། དགུང་གྲངས་སོ་ལྔ་ལ་ཕེབས་པ་རབ་བྱུང་དྲུག་པའི་ཤིང་སྤྲེལ (༡༣༤༤) ལོའི་བོད་ཟླ་ལྔ་པའི་ཚེས་བཅུ་གཅིག་ཉིན་རིན་ཆེན་སྒང་བླ་བྲང་གི་གཟིམ་ཁང་གོང་མར་སྐུ་གཤེགས།

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བཅུ་གསུམ་པའི་ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ 1791 ལོར་མདོ་སྨད་ཆུ་མའི་ཀླུ་གཤོང་དུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ཤིང་མོ་གླང་ལོ་སྟེ་སྤྱི་ལོ 1865 ལོར་སྐུ་གཤེགས། [641] ཁོང་དགུང་ལོ་ཆུང་ངུའི་དུས་ནས་རོང་བོ་ཐོས་བསམ་གླིང་དུ་ཞུགས་ཤིང་སློབ་གཉེར་ནན་ཏན་དུ་མཛད། ཁོང་གི་སྐུ་ཡོན་མཁྱེན་རབ་ལ་དུས་དེར་འགྲན་ཟླ་དང་བྲལ་བར་གྲགས། མཁན་ཆེན་དོན་ཡོད་རྒྱ་མཚོ་ལས་ཚིགས་སྔ་ཕྱིའི་སྡོམ་པ་རིམ་གྱིས་བཞེས། བྱང་ཕྱོགས་ཧོར་ཡུལ་ཧལ་ཧའི་ཡུལ་དུ་ཕེབས་ཏེ་བསྟན་པའི་བྱ་བ་མཛད་པས་བུ་སློབ་མཁས་པ་མང་དུ་ཐོན། སྐབས་ཤིག་གདན་སར་ཕེབས་བཞེད་ཀྱིས་སྐུ་འབུམ་དུ་འབྱོར་བར་མེ་རྒན་ཆོས་རྗེ་ངག་དབང་དགེ་འདུན་དོན་ཡོད་སྐུ་མ་འཚོ་བ་གསན་པའི་རྐྱེན་བྱས་ཏེ་ཕྱིར་སྨད་ཕྱོགས་སུ་བྱོན་ཏེ་འཕྲིན་ལས་སྤེལ། དུས་རྒྱུན་པར་ཉིན་མོའི་ཆ་ལ་དཔེ་གཟིགས་དང་སྤྲོས་བཅས་སྤྲོས་མེད་ཀྱི་རྣལ་འབྱོར། མཚན་མོ་བརྒྱད་སྟོང་པ་དལ་བུར་གསུངས་པ་ཞིག་ཡིན། དགུང་ལོ་བདུན་ཅུ་སྐབས་སླར་གདན་སར་བྱོན་ནས་གྲྭ་ས་སོ་སོར་རྟེན་གསུམ་ཡོ་བྱད་གཏོས་ཆེན་སྦྱོར་འཇགས་མཛད། དེ་ནས་སོག་ཕྱོགས་སུ་ཕེབས་ཏེ་བསྟན་འགྲོའི་དོན་ཆེན་ལེགས་བསྒྲུབས་ཤིང་འཕྲིན་ལས་ནམ་མཁའ་དང་མཉམ་པར་གྱུར། དགུང་ལོ་དོན་བཞི་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ།། \nཁོང་ནི་ཁྲི་རྒན་མཆོག་སྤྲུལ་གྱི་སྐུ་ཕྲེང་གསུམ་པ་ཡིན་ནོ།།

language:
Tibetan