Skip to main content Skip to search
'jam dbyangs don yod dpal ldan
ID:
T230511
  • འཇམ་དབྱངས་དོན་ཡོད་དཔལ་ལྡན (Tibetan, Tibetan script, Original)
    • > 'jam dbyangs don yod dpal ldan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > jamyang dön yö palden (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

སེ་ར་ཐེག་ཆེན་གླིང་གི་ཁྲི་ཐོག་བཅུ་པ་འཇམ་དབྱངས་དོན་ཡོད་དཔལ་ལྡན་མཆོག་ནི་ཉང་སྟོད་དུ་རབ་བྱུང་བདུན་པའི་ཤིང་གླང(༡༤༤༥)ལོར་སྐུ་བལྟམས། དཔལ་འཁོར་བདེ་ཆེན་དུ་རབ་ཏུ་བྱུང་ནས་དམ་པའི་ཆོས་ལ་དོན་གཉེར་མཛད་པའི་དབུ་ཚུགས། སློབ་དཔོན་བཟོད་དཔལ་བའི་ཞབས་ལ་གཏུགས་ནས་མདོ་སྔགས་རིག་པའིགནས་ཟབ་མོར་སྦྱངས་པ་དཔྱིས་ཕྱིན་མཛད་པས་མཁས་པ་ཆེན་པོར་གྱུར། མཁས་གྲུབ་བྱང་སེམས་འདུལ་དཀར་བ་སོགས་ལ་བསྙེན་པར་རྫོགས། དེ་ནས་དབུས་སུ་ཕེབས་ཏེ་རིན་ཆེན་བྲག་དགོན་དུ་ཉན་ཤཱཀ་པ་དང་སེ་ར་ཐེག་ཆེན་གླིང་དུ་ཆོས་མང་དུ་གསན། དགུང་ལོ་ཞེ་གཅིག་ལ་ཕེབས་པ་རབ་བྱུང་བརྒྱད་པའི་ཤིང་སྦྲུལ(༡༤༨༥)ལོར་སེ་ར་བྱེས་པའི་གྲྭ་ཚང་གི་འཆད་ཉན་པ་མཛད། དེ་ནས་དགུང་གྲངས་དོན་གཉིས་ལ་ཕེབས་པ་རབ་བྱུང་དགུ་པའི་མེ་བྱི(༡༥༡༦)ལོར་སེ་ར་དགོན་གྱི་ཁྲི་མཐོན་པོར་ཕེབས། ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། དགུང་ལོ་བརྒྱད་ཅུ་ལ་ཕེབས་པ་རབ་བྱུང་དགུ་པའི་ཤིང་སྤྲེལ(༡༥༢༤)ལོར་དགོངས་པ་གཞན་དོན་དུ་གཤེགས།

language:
Tibetan

2. Thupten Phuntsok Dictionary

སེ་ར་ཐེག་ཆེན་གླིང་གི་ཁྲི་ཐོག་བཅུ་པ་འཇམ་དབྱངས་དོན་ཡོད་དཔལ་ལྡན་མཆོག་ནི་ཉང་སྟོད་དུ་རབ་བྱུང་བདུན་པའི་ཤིང་གླང (༡༤༤༥) ལོར་སྐུ་བལྟམས། དཔལ་འཁོར་བདེ་ཆེན་དུ་རབ་ཏུ་བྱུང་ནས་དམ་པའི་ཆོས་ལ་དོན་གཉེར་མཛད་པའི་དབུ་ཚུགས། སློབ་དཔོན་བཟོད་དཔལ་བའི་ཞབས་ལ་གཏུགས་ནས་མདོ་སྔགས་རིག་པའི་གནས་ཟབ་མོར་སྦྱངས། དེ་ནས་དགུང་གྲངས་དོན་གཉིས་ལ་ཕེབས་པ་རབ་བྱུང་དགུ་པའི་མེ་བྱི (༡༥༡༦) ལོར་སེ་ར་དགོན་གྱི་ཁྲི་མཐོན་པོ་ཕེབས། ཟབ་རྒྱས་ཆོས་ཀྱི་ཆོས་འཁོར་ལོ་རྒྱ་ཆེར་བསྐོར། དགུང་ལོ་བརྒྱད་ཅུ་ལ་ཕེབས་པ་རབ་བྱུང་དགུ་པའི་ཤིང་སྤྲེལ (༡༥༢༤) ལོར་དགོངས་པ་གཞན་དོན་དུ་གཤེགས།

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བདུན་པའི་ཤིང་མོ་གླང་ལོ་སྟེ་སྤྱི་ལོ 1445 ལོར་ཉང་སྟོད་དུ་སྐུ་འཁྲུངས། རབ་བྱུང་དགུ་པའི་ཤིང་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ 1524 ལོའི་ཧོར་ཟླ་དང་པོའི་ཚེས་གཅིག་ལ་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་དཔལ་འཁོར་བདེ་ཆེན་དུ་རབ་བྱུང་[642]བསྒྲུབས། སློབ་དཔོན་བཟོད་དཔལ་བ་སོགས་ལ་བསྟེན་ནས་མདོ་སྔགས་ཀྱི་གཞུང་ལུགས་ཆེན་པོ་ཁག་ལ་ཐོས་བསམ་དཔྱིས་ཕྱིན་པར་མཛད་ཅིང་མཁས་པ་ཆེན་པོར་གྱུར། བྱང་སེམས་འདུལ་དཀར་བ་སོགས་ལས་བསྙེན་པར་རྫོགས་ཤིང་བཀའ་ཆོས་མང་དུ་གསན། དེ་ནས་དབུས་སུ་ཕེབས་ཏེ་རིན་ཆེན་བྲག་ཏུ་བཞུགས་ཤིང་ཉན་ཤཱཀ་པ་ལ་བསྟེན་ནས་གསང་སྔགས་ཟབ་མོའི་དབང་ལུང་མན་ངག་མང་དུ་གསན། སེ་ར་ཐེག་ཆེན་གླིང་དུ་ཞུགས་ཏེ་གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ་ལ་བསྟེན་ནས་བདེ་གསང་འཇིགས་གསུམ་སོགས་ཀྱི་ཆོས་སྐོར་གསན། དགུང་ལོ་ཞེ་གཅིག་པར་སེ་ར་བྱེས་པ་གྲྭ་ཚང་གི་འཆད་ཉན་པ་མཛད། དགུང་ལོ་དོན་གཉིས་པ་རབ་བྱུང་དགུ་པའི་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ 1516 ལོར་སེ་ར་ཐེག་ཆེན་གླིང་གི་གདན་སའི་ཁྲི་ལ་བཞུགས་ནས་ལོ་ངོ་དགུའི་རིང་དུ་གདན་ས་བསྐྱངས་ཤིང་ཆོས་འཆད་ཉན་དང་། འགྲིག་ལམ་ཀུན་སྤྱོད། གཏོང་སྒོ་བཅས་ཀྱི་ཐད་ནས་ཡར་ལྡན་དུ་མཛད། དགུང་ལོ་བརྒྱད་ཅུ་ཐམ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་མཚན་གཞན་ལ་སེ་ར་དོན་ཡོད་དཔལ་ལྡན་ཞེས་ཞུའོ། །ཁོང་ནི་སེ་ར་ཐེག་ཆེན་གླིང་གི་གདན་སའི་མཁན་རབས་བཅུ་པ་ཡིན་ནོ། །

language:
Tibetan