Skip to main content Skip to search
'jam dbyangs bde ba'i rdo rje
ID:
T230512
  • འཇམ་དབྱངས་བདེ་བའི་རྡོ་རྗེ (Tibetan, Tibetan script, Original)
    • > 'jam dbyangs bde ba'i rdo rje (Tibetan, Latin script, Transliteration-THL Extended Wylie Transliteration)
    • > jamyang dewé dorjé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི (༡༦༨༢) ལོར་ལྷ་སར་སྐུ་འཁྲུངས། དགུང་ལོ་བཅུ་ནས་འཇམ་དབྱངས་བཞད་པའི་རྡོ་རྗེ་དང་། སྟག་ཕུ་བསྟན་པའི་རྒྱན་མཚན། ཐང་སག་དངོས་གྲུབ་རྒྱ་མཚོ། ས་སྐྱ་ངག་དབང་ཀུན་དགའ་ལྷུན་གྲུབ་སོགས་བླ་མ་མང་པོ་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན་དེ་མཁས་པར་གྱུར། མི་དབང་ཕོ་ལྷ་བསོད་ནམས་སྟོབས་རྒྱས་ནི་ཁོང་གི་སྦྱིན་བདག་ཡིན་འདུག ཁོང་གི་མཚན་གྱི་རྣམ་གྲངས་སུ་བློ་བཟང་འཇམ་དཔལ་རྒྱ་མཚོ་དང་། མཉྫུ་ཤྲི་ས་ལུ་ཏྲ། སུ་ཁ་བཛྲ། འཇམ་དབྱངས་བདེ་བའི་རྡོ་རྗེ་བཅས་ཞུ། གསུང་རྩོམ་པོད་ཆེན་གཅིག་ཡོད། རབ་བྱུང་བཅུ་གཉིས་པའི་ལྕགས་བྱ(༡༧༤༡)ལོར་སྐུ་འདས། ཁོང་ནི་མདོ་སྔགས་ཀྱི་གཞུང་ལུགས་གསན་རྒྱ་ཆེ་ཞིང་། ཁྱད་པར་ས་དགེ་གཉིས་ཀྱི་ཕྱག་ལེན་ལ་མཁས་པས་གྲུབ་པའི་དབང་ཕྱུག་ཆེན་པོ་ཞིག་ཡིན་འདུག

language:
Tibetan

2. Thupten Phuntsok Dictionary

རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི (༡༦༨༢) ལོར་ལྷ་སར་སྐུ་འཁྲུངས། དགུང་ལོ་བཅུ་ནས་འཇམ་དབྱངས་བཞད་པའི་རྡོ་རྗེ་དང་། སྟག་ཕུ་བསྟན་པའི་རྒྱལ་མཚན། ཐང་སག་དངོས་གྲུབ་རྒྱ་མཚོ། ས་སྐྱ་ངག་དབང་ཀུན་དགའ་ལྷུན་གྲུབ་སོགས་བླ་མ་མང་པོར་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན་དེ་མཁས་པར་གྱུར། མི་དབང་ཕོ་ལྷ་བསོད་ནམས་སྟོབས་རྒྱལ་ནི་ཁོང་གི་སྦྱིན་བདག་ཡིན་འདུག ཁོང་གི་མཚན་གྱི་རྣམ་གྲངས་སུ་བློ་བཟང་འཇམ་དཔལ་རྒྱ་མཚོ་དང་། མཉྫུ་ཤྲི་ས་ལུ་ཏྲ། སུ་ཁ་བཛྲ། འཇམ་དབྱངས་བདེ་བའི་རྡོ་རྗེ་བཅས་ཞུ། གསུང་རྩོམ་པོད་ཆེན་གཅིག་ཡོད། རབ་བྱུང་གཉིས་པའི་ལྕགས་བྱ (༡༧༤༡) ལོར་སྐུ་འདས། ཁོང་ནི་མདོ་སྔགས་ཀྱི་གཞུང་ལུགས་གསན་རྒྱ་ཆེ་ཞིང་། ཁྱད་པར་ས་དགེ་གཉིས་ཀྱི་ཕྱག་ལེན་ལ་མཁས་པས་གྲུབ་པའི་དབང་ཕྱུག་ཆེན་པོ་ཞིག་ཡིན་འདུག

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་ཁྱི་ལོ་སྟེ་སྤྱི་ལོ 1682 ལོར་དབུས་ལྷ་ལྡན་དུ་སྐུ་འཁྲུངས། འདས་ལོ་མི་གསལ། དགུང་ལོ་བཅུ་པར་རི་བོ་དགེ་འཕེལ་དུ་ཕེབས་ཏེ་འཇམ་དབྱངས་བཞད་པའི་རྡོ་[643]རྗེའི་སྤྱན་སྔར་སྲད་རྒྱུད་ཀྱི་ཁྲིད་ལུང་རྫོགས་པར་ཞུས། ཞལ་མཇལ་བའི་མོད་ལ་སངས་རྒྱས་དངོས་མཇལ་བ་ལྟར་གྱི་དད་པ་ལྷག་པར་བསྐྱེད་ཅིང་། སྨྲ་མི་ཤེས་པའི་དགའ་བ་འཕེལ། གཞན་ཡང་བླ་མ་བློ་བཟང་ཚུལ་ཁྲིམས་དང་། ཐང་སག་པ་དངོས་གྲུབ་རྒྱ་མཚོ། འཁྲུལ་གཞི་མང་ཐོས་རྒྱ་མཚོ་སོགས་ལ་དགེ་ལྡན་པའི་ཆོས་སྐོར་མང་དུ་ཞུས་པར་མ་ཚད། ས་སྐྱ་བླ་མ་ངག་དབང་ཀུན་དགའ་ལྷུན་གྲུབ་ནི་ཁོང་གི་ཆོས་གསན་ཡུལ་གཙོ་བོ་ཡིན་པས་ས་སྐྱའི་དམར་པོ་རྣམ་གསུམ་སོགས་ས་སྐྱའི་ཆོས་སྐོར་གསན་ཅིང་། མདོ་སྔགས་ཀྱི་ཁྲིད་ལུང་མཐའ་ཡས་པ་ཞུས་ནས་གསང་སྔགས་ཀྱི་སྐོར་དབང་ལུང་ཁྲིད་གསུམ། ཆོ་ག་སྒྲུབ་ཐབས་ཕྱག་ལེན་བཅས་ལ་མཁས་པར་གྱུར། སྣོད་ལྡན་གྱི་སློབ་མ་མང་དུ་སྤེལ་པ་དང་། དབེན་གནས་རྣམས་སུ་བསྙེན་སྒྲུབ་ཀྱང་ལན་མང་མཛད། ཁོང་གི་མཚན་གྱི་རྣམ་གྲངས་ནི་བློ་བཟང་འཇམ་དཔལ་རྒྱ་མཚོ། མཉྫ་ཤྲཱི་ས་མུ་ཧྲ། སུ་ཁ་བཛྲ། བྷུ་སུ་ཀུ་འཇམ་དབྱངས་བདེ་བའི་རྡོ་རྗེ་བཅས་སོ། ཁོང་གི་གསུང་རྩོམ་ནི་གསོལ་འདེབས་དང་། བླ་མའི་རྣལ་འབྱོར། ཁྲིད་ཡིག་ཆོ་ག་སྣ་ཚོགས། དབང་དང་རྗེས་གནང་། སྒྲུབ་ཐབས། ཟིན་བྲིས། གསན་ཡིག་བརྗེད་བྱང་། དཀར་ཆག་བཅས་པོད་ཆེན་ཞིག་བཞུགས་སོ། །

language:
Tibetan