Skip to main content Skip to search
'jam dbyangs nam mkha' rgyal mtshan
ID:
T230514
  • འཇམ་དབྱངས་ནམ་མཁའ་རྒྱལ་མཚན (Tibetan, Tibetan script, Original)
    • > 'jam dbyangs nam mkha' rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > jamyang namkha gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

དཔལ་ས་སྐྱ་དགོན་གྱི་ཁྲི་ཐོག་བཅུ་བདུན་པ་རིན་ཆེན་སྒང་བླ་བྲང་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་མཆོག་ནི་རབ་བྱུང་བདུན་པའི་ས་སྟག(༡༣༩༨)ལོར་ཡབ་ཟླ་བ་རྒྱལ་མཚན་ནམ་མཚན་གཞན་བླ་ཆེན་ཀུན་དགའ་རྒྱལ་མཚན་དང་ཡུམ་མ་ཅིག་ཞལ་ལུ་མ་ནམ་མཁའ་རྒྱལ་མོ་གཉིས་ཀྱི་སྲས་སུ་སྐུ་བལྟམས། སྐུ་ཆུང་དུས་ནས་ཐུགས་རིག་ཤིན་ཏུ་སྐྱེན་ཞིང་བློ་གྲོས་ཡངས་པས་སློབ་གཉེར་མཛད་སྐབས་ཉིན་གཉིས་ལ་རྟགས་གཉིས་ཐུགས་སུ་ཆུད་པ་དང་ཉིན་གཅིག་ལ་བདེ་མཆོག་སྒྲུབ་དཀྱིལ་ཐུགས་སུ་ཆུད་པས་ཀུན་གྱིས་འཇམ་དབྱངས་ཆེན་པོར་མཚན་གསོལ། སློབ་དཔོན་པད་མའི་རྣམ་སྤྲུལ་དུ་གྲགས་ཤིང་། བསྟན་སྲུང་བྲན་དུ་འཁོལ་བ་སོགས་མཐུ་སྟོབས་ཀྱི་མངའ་བདག་ཏུ་བཞུགས། དགུང་ལོ་ཉེར་གསུམ་པ་ལྕགས་བྱི(༡༤༢༠)ལོར་ས་སྐྱའི་གདན་ཁྲིར་ཕེབས། དགུང་གྲངས་དྲུག་ཅུ་ཡས་མས་བར་གདན་ས་མཛད། རབ་བྱུང་བརྒྱད་པའི་ཆུ་འབྲུག(༡༤༧༢)ལོར་སྐུ་གཤེགས།

language:
Tibetan

2. Thupten Phuntsok Dictionary

དཔལ་ས་སྐྱ་དགོན་ཁྲི་ཐོག་བཅུ་བདུན་པ་རིན་ཆེན་སྒང་བླ་བྲང་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་མཆོག་ནི་རབ་བྱུང་བདུན་པའི་ས་སྟག (༡༣༩༨) ལོར་ཡབ་ཟླ་བ་རྒྱལ་མཚན་ནམ་མཚན་གཞན་བླ་ཆེན་ཀུན་དགའ་རྒྱལ་མཚན་དང་ཡུམ་མ་ཅིག་ཞལ་ལུང་མ་ནམ་མཁའ་རྒྱལ་ལོ་གཉིས་ཀྱི་སྲས་སུ་སྐུ་བལྟམས། སློབ་དཔོན་པད་མའི་རྣམ་སྤྲུལ་དུ་གྲགས་ཤིང་། བསྟན་སྲུང་བྲན་དུ་འཁོལ་བ་སོགས་མཐུ་སྟོབས་ཀྱི་མངའ་བདག་ཏུ་བཞུགས། དགུང་ལོ་ཉེར་གསུམ་པ་ལྕགས་བྱི (༡༤༢༠) ལོར་ས་སྐྱའི་གདན་ཁྲིར་ཕེབས། དགུང་གྲངས་དྲུག་ཅུ་ཡས་མས་བར་གདན་ས་མཛད། རབ་བྱུང་བརྒྱད་པའི་ཆུ་འབྲུག (༡༤༧༢) སྐུ་གཤེགས།

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བདུན་པའི་ས་ཕོ་སྟག་ལོ་སྟེ་སྤྱི་ལོ 1398 ལོར་ས་སྐྱར་ཡབ་བླ་ཆེན་ཀུན་དགའ་རྒྱལ་མཚན་དང་། ཡུམ་མ་གཅིག་ནམ་མཁའ་རྒྱལ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བརྒྱད་[644]པའི་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ 1472 ལོར་གཞི་ཐོག་བླ་བྲང་དུ་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་སྐྱེས་སྟོབས་ཀྱི་ཤེས་རབ་ཆེ་བས་ཡི་གེའི་སྦྱོར་ཀློག་ཚེགས་མེད་དུ་མཁྱེན་ཞིང་། ཉིན་གཉིས་ཀྱི་ཡུན་དུ་བརྟག་གཉིས་ཐུགས་སུ་ཆུད་པ་དང་། ཉིན་གཅིག་ལ་འཁོར་ལོ་བདེ་མཆོག་གི་སྒྲུབ་ཐབས་དཀྱིལ་འཁོར་ཐུགས་སུ་ཆུད་པས་ཀུན་གྱིས་འཇམ་དབྱངས་ཆེན་པོར་མཚན་གསོལ། ཡབ་བླ་ཆེན་ཀུན་དགའ་རྒྱལ་མཚན་དང་། ཐེག་ཆེན་ཆོས་རྗེ་ཀུན་དགའ་བཀྲ་ཤིས། མཁན་ཆེན་བསོད་ནམས་རྒྱལ་མཆོག སྦས་པའི་རྣལ་འབྱོར་པ་རྡོ་རྗེ་རྒྱལ་མཚན་སོགས་ལ་བསྟེན་ནས་ཡབ་མེས་ཀྱི་ཆོས་ལ་མཁས་ཤིང་ཟབ་དོན་རྒྱ་མཚོའི་མངའ་བདག་ཏུ་བཞུགས། ས་སྐྱ་པའི་བསྟན་སྲུང་རྣམས་བྲན་དུ་འཁོལ་ནུས་པའི་མཐུ་སྟོབས་ཀྱི་མངའ་བདག་ཆེན་པོར་གྱུར་ཏེ་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་ནས་དགུང་ལོ་བདུན་བཅུ་དོན་ལྔ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ས་སྐྱའི་རིན་ཆེན་སྒང་བླ་བྲང་གི་གདན་རབས་གསུམ་པ་ཡིན་ནོ། །

language:
Tibetan