- 'jam dbyangs legs pa chos 'byor
- ID:
- T230519
- འཇམ་དབྱངས་ལེགས་པ་ཆོས་འབྱོར (Tibetan, Tibetan script, Original)
- > 'jam dbyangs legs pa chos 'byor (Tibetan, Latin script, Transliteration-THL Extended Wylie Transliteration)
- > jamyang lekpa chö jor (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
མཚན་གཞན་འཇམ་དབྱངས་དགའ་བའི་བློ་གྲོས་ཞུ་བ་མཆོག་ནི་འབྲས་སྤུངས་དགོན་གྱི་གདན་རབས་བརྒྱད་པ་ཡིན། རབ་བྱུང་བདུན་པའི་ས་བྱ(༡༤༢༩)ལོར་ལྷ་ས་ཚལ་གུང་ཐང་དུ་འཁྲུངས། སྐུ་གཞོན་དུས་གསང་ཕུར་ཆོས་ཞུགས་ཀྱིས་གུང་རུ་ཆོས་བློ་དང་སློབ་དཔོན་དཔལ་བློ་ལས་ཕར་ཚད་གསན། སློབ་དཔོན་གནས་བརྟན་ལས་འདུལ་བ་དང་མངོན་པ་གསན། བ་སོ་ཆོས་རྗེའི་ས་ནས་གསང་སྔགས་སྐོར་གསན་ཏེ་མཁས་པ་ཆེན་པོར་གྱུར། དགུང་ལོ་ཉེར་ལྔའི་ལོ་གསང་ཕུར་བ་སྨད་པའི་འཆད་ཉན་མཛད། དེ་ནས་མདོ་ཁམས་སུ་ཕེབས། ཕྱིར་ཕེབས་རྗེས་འབྲས་སྤུངས་བློ་གསལ་གླིང་དུ་འཆད་ཉན་ལོ་ཉི་ཤུ་ལྷག་ཙམ་མཛད་དེ། དགུང་ལོ་རེ་ལྔ་བཞེས་པ་ཆུ་གླང(༡༤༩༣)ལོར་འབྲས་སྤུངས་ཀྱི་ཁྲིར་ཕེབས། གཞུང་ཆེན་མོ་བཤད་པ་གཙོ་བོ་མཛད། སྣིའུ་པས་སྦྱིན་བདག་མཛད་ནས་འབྲས་སྤུངས་ཀྱི་བྱམས་ཆེན་གྱི་སྐུ་བཞེངས། བཀའ་རྩོམ་ལ་མཚོན་ན《རྟེན་འབྲེལ་གྱི་རྣམ་བཤད་ཐར་པའི་ཐེམ་སྐས》《ཐེག་པ་ཆེན་པོ་མདོ་སྡེ་རྒྱན་གྱི་གཞུང་འགྲེལ་ཀུན་བཟང་མཆོད་སྤྲིན》《ཤེས་རབ་གྱི་ཕ་རོལ་དུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་གཞུང་འགྲེལ》《དབུ་མ་འཇུག་པའི་གཞུང་འགྲེལ་དགོངས་པ་རབ་གསལ》སོགས་མང་དུ་མཛད། ཞལ་སློབ་པ་ཡང་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། དགའ་ལྡན་ཆོས་རྗེ་ཆོས་ཀྱི་བཤེས་གཉེན། རྩེ་ཤར་གྱི་ཆོས་རྗེ་པཎྜིཏ་བཟང་པོ་དང་། ཆོས་སྐྱོང་རྒྱ་མཚོ། ཉི་སྡིང་བླ་མ་དཔལ་ལྡན་འོད་ཟེར། གོ་མལ་རབ་འབྱམས་སྐུ་མཆེད། སེམས་དཔའ་ཆེན་པོའི་སྐུ་སྐྱེ་སྨོན་ལམ་བློ་གྲོས། བྱེ་རྫིང་མཁན་པོ་རབ་འབྱོར་སེང་གེ། གོ་རམས་པ་བཀྲ་ཤིས་སེང་གེ། ཀོང་སྟོན་དཀོན་ཅོག་འབྱུང་གནས། འོལ་དགའ་དཀའ་བཅུ་བ་བློ་གྲོས་གྲགས་སོགས་ཤིན་ཏུ་མང། མཐར་དགུང་གྲངས་དོན་ལྔ་ལ་ཕེབས་པ་རབ་བྱུང་བརྒྱད་པའི་ཆུ་ཕག(༡༥༠༣)ལོར་སྐུ་གཤེགས།
- language:
- Tibetan
2. Thupten Phuntsok Dictionary
མཚན་གཞན་འཇམ་དབྱངས་དགའ་བའི་བློ་གྲོས་ཞུ་བ་མཆོག་ནི་འབྲས་སྤུངས་དགོན་གྱི་་གདན་རབས་བརྒྱད་པ་ཡིན། རབ་བྱུང་བདུན་པའི་ས་བྱ (༡༤༢༩) ལོར་ལྷ་ས་ཚལ་གུང་ཐང་དུ་འཁྲུངས། སྐུ་གཞོན་དུས་གསང་ཕུར་ཆོས་ཞུགས་ཀྱིས་གུང་རུ་ཆོས་བློ་དང་སློབ་དཔོན་དཔལ་བློ་ལས་ཕར་ཚད་གསན། སློབ་དཔོན་གནས་བརྟན་ལས་འདུལ་བ་དང་མངོན་པ་གསན། བ་སོ་ཆོས་རྗེའི་ས་ནས་གསང་སྔགས་སྐོར་གསན་ཏེ་མཁས་པ་ཆེན་པོར་གྱུར། དགུང་ལོ་ཉེར་ལྔའི་ལོ་གསང་ཕུ་བ་སྨད་པའི་འཆད་ཉན་མཛད། དེ་ནས་མདོ་ཁམས་སུ་ཕེབས། ཕྱིར་ཕེབས་རྗེས་འབྲས་སྤུངས་བློ་གསལ་གླིང་དུ་འཆད་ཉན་ལོ་ཉི་ཤུ་ལྷག་ཙམ་མཛད་དེ། དགུང་ལོ་རེ་ལྔ་བཞེས་པ་ཆུ་གླང (༡༤༩༣) ལར་འབྲས་སྤུངས་ཀྱི་ཁྲིར་ཕེབས། གཞུང་ཆེན་མོའི་བཤད་པ་གཙོ་བོ་མཛད། སྣེའུ་པས་སྦྱིན་བདག་མཛད་ནས་འབྲས་སྤུངས་ཀྱི་བྱམས་ཆེན་གྱི་སྐུ་བཞེངས། བཀའ་རྩོམ་ལ་མཚོན་ན། རྟེན་འབྲེལ་གྱི་རྣམ་བཤད་ཐར་བའི་ཐེམ་སྐས》 ཐེག་པ་ཆེན་པོ་མདོ་སྡེ་རྒྱན་གྱི་གཞུང་འགྲེལ་ཀུན་བཟང་མཆོད་སྤྲིན》 ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་གཞུང་འགྲེལ》 དབུ་མ་འཇུག་པའི་གཞུང་འགྲེལ་དགོངས་པ་རབ་གསལ》སོགས་མང་དུ་མཛད། ཐར་དགུང་གྲངས་དོན་ལྔ་ལ་ཕེབས་པ་རབ་བྱུང་བརྒྱད་པའི་ཆུ་ཕག (༡༥༠༣) ལོར་སྐུ་གཤེགས།
- language:
- Tibetan