Skip to main content Skip to search
'jam dbyangs shAkya rgyal mtshan
ID:
T230520
  • འཇམ་དབྱངས་ཤཱཀྱ་རྒྱལ་མཚན (Tibetan, Tibetan script, Original)
    • > 'jam dbyangs shAkya rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > jamyang shakya gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཕག་གྲུ་སྡེ་སྲིད་ཁྲི་རབས་གཉིས་པ་འདི་ཉིད་རབ་བྱུང་དྲུག་པའི་ལྕག་འབྲུག(༡༣༤༠)ལོར་ཡབ་ཕག་གྲུ་དཔོན་བསོད་ནམས་བཟང་པོ་དང་ཡུམ་མང་ཉ་མ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་བླ་མ་ཀླུ་ལུང་གྲགས་པ་ལས་ཡི་གེ་འབྲི་ཀློག་བསླབས། ཚེས་བཞི་གྲགས་པ་རྒྱལ་མཚན་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་མནོས་པའི་མཚན་གྲགས་པ་རྒྱལ་མཚན་དང་། དགུང་ལོ་དགུ་ལ་མཁན་ཆེན་གཞོན་དབང་དང་སློབ་དཔོན་གཞོན་བརྩོན་ལས་རབ་ཏུ་བྱུང་བའི་མཚན་ཤཱཀྱ་རྒྱལ་མཚན་དུ་གསོལ། དགུང་ལོ་བཅུ་གསུམ་པར་རྩེད་ཐང་གི་གདན་ས་མཛད། ཐིལ་གྱི་གདན་སར་རྟགས་གཉིས་ཀྱི་བཤད་པ་དང་། བཀའ་པོད་བཞི་སོགས་ལ་བཤད་པ་མཛད་པས་མཁས་པའི་གྲགས་པ་ཐོབ། རྩེད་ཐང་གི་ཚོགས་པ་ལོ་བཅུ་གསུམ་བར་དུ་བསྐྱངས། བུ་སྟོན་རིན་པོ་ཆེ་སོགས་ལས་མདོ་སྔགས་ཀྱི་གདམས་པ་དུ་མ་མནོས། སྣེ་གདོང་ཆོས་འཁོར་ཆེན་མོ་མཛད། དགུང་ལོ་བཅུ་དགུ་པར་ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་་མཚན་གྱི་དྲུང་དུ་བསྙེན་པར་རྫོགས། དགུང་ལོ་ཉེར་དྲུག་པ་རབ་བྱུང་དྲུག་པའི་ཤིང་སྦྲུལ(༡༣༦༥)ལོར་ཕོ་བྲང་སྣེའུ་གདོང་རྩེའི་ཁྲི་ཐོག་ཏུ་ཕེབས་ནས་ཏའི་སི་ཏུས་ཕག་གྲུའི་བླ་དཔོན་དུ་དབང་བསྐུར། ཆོས་སྲིད་ཟུང་དུ་འབྲེལ་བའི་ཁྲིམས་ལུང་སྔར་བཞིན་བསྐྱངས། ཧོར་ཐོ་གན་ཐེ་མུར་རྒྱལ་པོས་ཏའི་སི་ཏུ་ཆང་གུའི་གུང་ཀྭ་དིན་གུ་ཤྲིའི་མཚན་ཕུལ། རབ་བྱུང་དྲུག་པའི་ཆུ་བྱི(༡༣༧༢)ལོར་གོང་མ་ཐའི་ཙུའུ་ཀྲུའུ་ཡོན་ཀྲང་གིས་ཏའི་སི་ཏུ་དང་ཀྭ་དིན་གུ་ཤྲིའི་མཚན་དང་དམ་ཁ་ཕུལ། ཤཱཀྱ་རྒྱལ་མཚན་མཆོག་གིས་ཕག་གྲུ་སྡེ་སྲིད་ཀྱི་སྲིད་འགན་བཞེས་རིང་སྲིད་དབང་སྐྱོང་ཐབས་ནི་བྱང་ཆུབ་རྒྱལ་མཚན་གྱིས་གཏན་ལ་ཕབ་ཅིང་ཇི་ལྟར་གདམས་པ་རྒྱུན་འཛིན་གནང་བ་ཙམ་ལས་འགྱུར་བཅོས་སོགས་གང་ཡང་མ་གནང་བརསྲིད་ལོ་དགུ་བསྐྱངས་མཐར་རབ་བྱུང་དྲུག་པའི་ཆུ་གླང(༡༣༧༣)ལོར་སྐུ་གཤེགས།

language:
Tibetan

2. Thupten Phuntsok Dictionary

ཕག་གྲུ་སྡེ་སྲིད་ཁྲི་རབས་གཉིས་པ་འདི་ཉིད་རབ་བྱུང་དྲུག་པའི་ལྕགས་འབྲུག (༡༣༤༠) ལོར་ཡབ་ཕག་གྲུ་དཔོན་བསོད་ནམས་བཟང་པོ་དང་ཡུམ་མང་ཉ་མ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་བླ་མ་ཀླུ་ལུང་གྲགས་པ་ལས་ཡི་གེ་འབྲི་ཀློག་བསླབས། ཚེས་བཞི་གྲགས་པ་རྒྱལ་མཚན་གྱི་དྲུང་དུ་དགེ་བསྙེན་གྱི་སྡོམ་མནོས་པའི་མཚན་གྲགས་པ་བཟང་པོ་དང་། དགུང་ལོ་དགུ་ལ་མཁན་ཆེན་གཞོན་དབང་དང་སློབ་དཔོན་གཞོན་བརྩོན་ལས་རབ་ཏུ་བྱུང་བའི་མཚན་ཤཱཀྱ་རྒྱལ་མཚན་དུ་གསོལ། དགུང་ལོ་བཅུ་གསུམ་པར་རྩེད་ཐང་གི་གདན་ས་མཛད། ཐིལ་གྱི་གདན་སར་རྟགས་གཉིས་ཀྱི་བཤད་པ་དང་། བཀའ་པོད་བཞི་སོགས་ལ་བཤད་པ་མཛད་པས་མཁས་པའི་གྲགས་པ་ཐོབ། རྩེད་ཐང་གི་ཚོགས་པ་ལོ་བཅུ་གསུམ་བར་དུ་བསྐྱངས། བུ་སྟོན་རིན་པོ་ཆེ་སོགས་ལས་མདོ་སྔགས་ཀྱི་གདམས་པ་དུས་མ་མནོས། རབ་བྱུང་དྲུག་པའི་ཆུ་བྱི (༡༣༧༢) ལོར་གོང་མ་ཐའི་ཙུའུ་ཀྲུའུ་ཡོན་ཀྲང་གིས་ཏའི་སི་ཏུ་དང་ཀྭ་དིན་གུ་ཤྲིའི་མཚན་དང་དམ་ཁ་ཕུལ། ཤཱཀྱ་རྒྱལ་མཚན་མཆོག་གིས་ཕག་གྲུ་སྡེ་སྲིད་ཀྱི་སྲིད་འགན་བཞེས་རིང་སྲིད་དབང་སྐྱོང་ཐབས་ནི་བྱང་ཆུབ་རྒྱལ་མཚན་གྱིས་གཏན་ལ་ཕབ་ཅིང་ཇི་ལྟར་གདམས་པ་རྒྱུན་འཛིན་གནང་བ་ཙམ་ལས་འགྱུར་བཅོས་སོགས་གང་ཡང་མ་གནང་བར་སྲིད་ལོ་དགུ་བསྐྱངས་མཐར་རབ་བྱུང་དྲུག་པའི་ཆུ་གླང (༡༣༧༣) ལོར་སྐུ་གཤེགས།

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་དྲུག་པའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ 1340 ལོར་བསོད་ནམས་བཟང་པོ་དང་། ཇོ་མོ་ཉི་རུ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་དྲུག་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ 1373 ལོར་སྐུ་གཤེགས། ཁོང་ཆུང་ངུའི་དུས་སུ་བླ་མ་ཀླུ་ལུང་པའི་མདུན་ནས་ཡི་གེའི་འབྲི་ཀློག་ལེགས་པར་སྦྱངས། ཆོས་བཞི་གྲགས་པ་རྒྱལ་མཚན་ལས་དགེ་བསྙེན་གྱི་སྡོམ་པ་མནོས། སློབ་དཔོན་གཞོན་ནུ་བརྩོས་འགྲུས་ལས་དགེ་ཚུལ་གྱི་སྡོམ་པ་མནོས། བུ་སྟོན་རིན་ཆེན་གྲུབ་ལས་མདོ་སྔགས་ཀྱི་གདམས་པ་མང་དུ་གསན། དབང་ལུང་མན་ངག་མང་དུ་ཞུས། བསྙེན་གྱི་སྡོམ་པ་མནོས། སློབ་དཔོན་གཞོན་ནུ་བརྩོས་འགྲུས་ལས་མདོ་སྔགས་ཀྱི་གདམས་པ་མང་དུ་གསན། དབང་ལུང་མན་ངག་མང་དུ་ཞུས། གདན་སར་བརྟག་གཉིས་དང་རྩེད་ཐང་དུ་བཀའ་པོ་ཏི་བཞི་ལ་བཤད་པ་མཛད་བས་མཁས་པའི་གྲགས་པ་ཐོབ། ཆོས་རྗེ་བླ་མ་དམ་པའི་མདུན་ནས་བསྙེན་པར་རྫོགས་ཏེ་ལྷ་སར་ཆོས་འཁོར་དང་རྩེད་ཐང་གི་ཚོགས་པ་ལོ་ངོ་བཅུ་གསུམ་རིང་དུ་བསྐྱངས། རབ་བྱུང་དྲུག་པའི་ཤིང་མོ་སྦྲུལ་ལོ་སྟེ་སྤྱི་ལོ 1365 ལོར་ཕོ་བྲང་སྣེའུ་གདོང་རྩེའི་ཁྲི་ཐོག་ཏུ་ཕེབས་ཏེ་ཕག་གྲུའི་བླ་དཔོན་གྱི་འགན་ཁུར་ལོ་ངོ་བདུན་གྱི་རིང་དུ་བཞེས། དེའི་སྐབས་སུ་ཡོན་རྒྱལ་རབས་ཀྱི་གོང་མ་ཆེན་པོ་ཧོར་ཐོ་གན་ཐེ་མུར་རྒྱལ་པོས་ཏའི་སི་ཏུ་ཆང་གུའི་གུང་ཀྭ་དིན་གུ་ཤྲཱིའི་གོ་གནས་[647]དང་། བོད་ཆོལ་ཁ་གསུམ་བརྒྱུད་པ་དང་བཅས་པ་ཤེས་སུ་འཇུག་པའི་འཇའ་ས་གནང་། དེ་རྗེས་རབ་བྱུང་དྲུག་པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ 1372 ལོར་ཏཱ་མིང་ཧུང་འུ་རྒྱལ་པོས་ཀྱང་ཀྭ་དིན་གུ་ཤྲཱིའི་གོ་གནས་དང་ཐམ་ཁ། བོད་ཆོལ་ཁ་གསུམ་གྱི་དབང་ཆ་འཛིན་ཆོག་པའི་འཇའ་སའང་གནང་བ་རེད། ཁོང་ནི་ཕག་གྲུ་སྡེ་སྲིད་ཁྲི་རབས་གཉིས་པ་ཡིན། །

language:
Tibetan