- 'jam dbyangs shes rab rgya mtsho
- ID:
- T230521
- འཇམ་དབྱངས་ཤེས་རབ་རྒྱ་མཚོ (Tibetan, Tibetan script, Original)
- > 'jam dbyangs shes rab rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
- > jamyang sherab gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གཙང་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་གསུམ་པ་ཡིན། རབ་བྱུང་བདུན་པའི་མེ་བྱི་སྤྱི་ལོ་༡༣༧༦ལོར་གཙང་ཆུ་མིག་གི་བྱ་འདབ་ཕྱུག་གྲོང་དུ་འཁྲུངས། དགུང་ལོ་ཉི་ཤུ་པར་སྣར་ཐང་གི་གདན་ས་བ་གྲུབ་པ་ཤེས་རབ་ལས་བསྙེན་པར་རྫོགས། མདོ་སྔགས་ཀྱི་ཆོས་ཚུལ་མང་དུ་གསན། ངོར་ཆེན་གྱི་བཀའ་ལྟར་ཐུབ་བསྟན་དར་རྒྱས་གླིང་གི་གདན་ས་ལོ་བཅུ་གཅིག་མཛད། ངོར་ཆེན་ལས་ལམ་འབྲས་ཚར་བཅུ་གསུམ་གསན། དགུང་ལོ་རེ་དྲུག་པ་རབ་བྱུང་བརྒྱད་པའི་ལྕགས་སྦྲུལ་ལོའི་ཆོས་འཁོར་དུས་ཆེན་ཉིན་གདན་སའི་འཁུར་བཞེས། གདན་ས་ལོ་ལྔ་མཛད། གདན་ས་འདི་ཉིད་གཙོས་པའི་ཆོས་སྡེ་ཁག་ཏུ་སྔ་ཕྱིར་ལམ་འབྲས་ཚར་བཅོ་ལྔ་གསུངས། འཇུག་པ་དང་། སྤྱོད་འཇུག རྣམ་འགྲེལ། རིགས་གཏེར་རྣམས་ཀྱི་ཊཱིཀ་བརྩམས། བློ་གྲོས་རྣམ་འབྱེད་སོགས་གསར་རྩོམ་མཛད། དགུང་ལོ་བདུན་ཅུ་པ་ཤིང་བྱ་ལོ་ནས་གཟིམས་ཁང་འོག་ཏུ་ཐུགས་དམ་དུ་བཞུགས། དགུང་ལོ་དོན་དགུ་པ་རབ་བྱུང་བརྒྱད་པའི་ཤིང་རྟ་སྤྱི་ལོ་༡༤༧༤ལོའི་ཟླ་བ་བཅུ་གཅིག་པའི་ཚེས་གསུམ་ལ་ཨེ་ཝཾ་ཆོས་ལྡན་དུ་སྐུ་ཞི་བར་གཤེགས། །
- language:
- Tibetan