- 'jam dbyangs sangs rgyas seng ge
- ID:
- T230522
- འཇམ་དབྱངས་སངས་རྒྱས་སེང་གེ (Tibetan, Tibetan script, Original)
- > 'jam dbyangs sangs rgyas seng ge (Tibetan, Latin script, Transliteration-THL Extended Wylie Transliteration)
- > jamyang sangye sengé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རབ་བྱུང་བརྒྱད་པའི་ཤིང་བྱི་སྤྱི་ལོ་༡༥༠༤ལོར་ས་སྐྱར་འཁྲུངས། རྟ་ནག་ཐུབ་བསྟན་རྣམ་རྒྱལ་དུ་མཚན་ཉིད་གསན་སྦྱོང་མཐར་ཕྱིན་པ་མཛད། རྗེ་སངས་རྒྱས་རིན་ཆེན་ལས་བསྙེན་པར་རྫོགས། དགེ་བའི་བཤེས་གཉེན་བཅུ་ཕྲག་ལྷག་ཙམ་ལས་དབང་རྒྱུད་མན་ངག་སོགས་མཐའ་ཡས་པར་གསན། དགུང་ལོ་ང་བཞི་པ་རབ་བྱུང་དགུ་པའི་མེ་སྦྲུལ་སྤྱི་ལོ་༡༥༥༧ལོའི་སྨིན་དྲུག་ཟླ་བའི་ཡར་ཚེས་གསུམ་ལ་གདན་སའི་ཁུར་བཞེས། སྔ་ཕྱིར་ལམ་འབྲས་ཚར་བཅུ་བདུན་གསུངས། གདན་ས་ལོ་བཅུ་གཉིས་མཛད། དགུང་ལོ་རེ་དྲུག་པ་རབ་བྱུང་བཅུ་པའི་ས་སྦྲུལ་སྤྱི་ལོ་༡༥༦༩ལོའི་ས་ག་ཟླ་བའི་ཚེས་ཉེར་བདུན་ལ་ཐར་རྩེར་སྐུ་གཤེགས།
- language:
- Tibetan