Skip to main content Skip to search
'jam dbyangs bsam grub rdo rje
ID:
T230523
  • འཇམ་དབྱངས་བསམ་གྲུབ་རྡོ་རྗེ (Tibetan, Tibetan script, Original)
    • > 'jam dbyangs bsam grub rdo rje (Tibetan, Latin script, Transliteration-THL Extended Wylie Transliteration)
    • > jamyang sam drub dorjé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

གསང་སྔགས་རྙིང་མའི་བླ་མ་ཆེན་པོ་འཇམ་དབྱངས་བསམ་གྲུབ་རྡོ་རྗེ་ཞུ་བ་འདི་ནི་རབ་བྱུང་ལྔ་པའི་ཤིང་ལུག (༡༢༩༥) ལོར་གཙང་རྟ་ནག་གནས་གསར་ཡུལ་དུ་སྐུ་འཁྲུངས། སྐུ་ན་གཞོན་དུས་ཟུར་བྱམས་པ་སེང་གེའི་དྲུང་དུ་ཆོས་རྒྱ་ཆེན་གསན། ལྷག་ཏུ་སྒྱུར་འཕྲུལ་སྐོར་ལ་མཁས་པར་གྱུར། དེ་ནས་གླན་ཉ་ཚ་བ་བསོད་ནམས་མགོན་པོ་ལས་སྒྱུ་འཕྲུལ་དབང་ཡང་དག་པར་ཞུས། བྱེ་མ་སེང་གེར་རྫོགས་པ་ཆེན་པོ་སྙིང་ཐིག་ལ་ཐུགས་དམ་རྩེ་གཅིག་ཏུ་མཛད་པས། ཐིག་ལེ་ཆེན་པོའི་སྐུར་གྱུར་ནས་ཐུགས་དམ་ཤིན་ཏུ་མཐོ་བར་མངའ། དབེན་པའི་ཟུར་ཤཱཀྱ་འབྱུང་གནས་དང་། འུག་པའི་ལུང་པའི་བླ་མ་སེང་གེ་བ། ཤངས་པ་ཀུན་མཁྱེན་པ་བཅས་མཁས་གྲུབ་ཆེན་པོ་འདི་གསུམ་པོ་ཡང་རྗེ་འཇམ་དབྱངས་བསམ་གྲུབ་རྡོ་རྗེ་ཆུང་ངུ་ནས་ཞབས་དྲུང་དུ་བཞག་ནས་ལེགས་པར་བསྐྱངས་པས། ཕྱིས་ཟུར་པའི་རྒྱུད་ལ་ཤིན་ཏུ་ཕྱག་རྗེས་དང་བཀའ་དྲིན་ཆེ་བར་གྱུར། རྗེ་འདི་ཉིད་དགུང་ལོ་གྱ་གཉིས་ལ་ཕེབས་པ་རབ་བྱུང་དྲུག་པའི་མེ་འབྲུག (༡༣༧༦) ལོར་འདས།

language:
Tibetan